མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྩུབ་སྤྱོད་འཇིགས་སྐུལ་བྱ་འགུལ་ལ་ཆམ་ཕབ་དྲག་པོ་བཏང་ནས་རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་ལ་ཁག་ཐེག་བྱེད་པ་བརྗོད་བྱ་ཡིན་པའི་འཇིགས་སྐུལ་ངོ་རྒོལ་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་ཟི་ལིང་ནས་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-12 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་འཇིགས་སྐུལ་ངོ་རྒོལ་གཞུང་སྒྲུབ་ཁང་དང་། ཟི་ལིང་གྲོང་ཁྱེར་འཇིགས་སྐུལ་ངོ་རྒོལ་གཞུང་སྒྲུབ་ཁང་གཉིས་ཀྱིས་མཉམ་དུ་སྤེལ་བའི་རྩུབ་སྤྱོད་འཇིགས་སྐུལ་བྱ་འགུལ་ལ་ཆམ་ཕབ་དྲག་པོ་བཏང་ནས་རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་ལ་ཁག་ཐེག་བྱེད་པ་བརྗོད་བྱ་ཡིན་པའི་འཇིགས་སྐུལ་ངོ་རྒོལ་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་ཚེས་བཅུ་གཅིག་ཉིན་ཟི་ལིང་ནས་སྤེལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་འཇིགས་སྐུལ་ངོ་རྒོལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཀོང་རོང་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་། ཞིང་ཆེན་འཇིགས་སྐུལ་ངོ་རྒོལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིག་ཀྲི་ཆང་། ཞིང་ཆེན་དམག་ཁུལ་གྱི་ཇུས་འདོན་དཔོན་པོ། ཞིང་ཆེན་འཇིགས་སྐུལ་ངོ་རྒོལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧན་ཀོང་ཀྲུང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི། ཞིང་ཆེན་འཇིགས་སྐུལ་ངོ་རྒོལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱང་ཞོང་ཨེ་སོགས་བྱ་འགུལ་ལ་ཞུགས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་སྡོད་ཁུལ་ཉི་ཤུའི་འཐུས་མི་དང་གྲོང་ཁྱེར་སྡོད་དམངས་ལ་འཇིགས་སྐུལ་ངོ་རྒོལ་དང་རྩུབ་སྤྱོད་སྔོན་འགོག་བྱེད་པའི་དྲིལ་སྒྲོག་རྒྱུ་ཆ་བཀྲམས།

བྱ་འགུལ་སྤེལ་ཡུལ་ནས་སྤྱི་བདེ་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར་གྱི་ལས་རིགས་གལ་ཆེན་གྱིས་མི་མང་འདུ་ས་ནས་དྲིལ་སྒྲོག་ཡིག་བྱང་འགེལ་བ་དང་། དྲིལ་སྒྲོག་སྒོ་སམ་ལས་པ། དྲིལ་སྒྲོག་རྒྱུ་ཆ་འགྲེམ་པ་སོགས་ཀྱི་རྣམ་པ་སྤྱད་དེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་འཇིགས་སྐུལ་ངོ་རྒོལ་གྱི་ཤེས་བྱ་བསྒྲགས་པ་མ་ཟད། སྤྱི་ཚོགས་ལ«སྤྱི་དམངས་ཀྱིས་འཇིགས་སྐུལ་འཇབ་རྒོལ་ལ་དོགས་ཟོན་བྱེད་པའི་ལག་དེབ»བཀྲམས། དྲིལ་སྒྲོག་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཁོར་ཡུག་ཅིག་བསྐྲུན་ནས། བརྟན་འཇགས་སྲུང་སྐྱོབ་དང་། མཐུན་སྒྲིལ་སྲུང་སྐྱོབ། མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བར་ནུས་པ་གལ་ཆེན་བཏོན་ནས། མི་རེ་རེར་འཇིགས་སྐུལ་པར་ནམ་ཡིན་ཡང་ངོ་རྒོལ་བྱེད་པའི་འདུ་ཤེས་ཆགས་སུ་འཇུག་རྒྱུ་དེ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཏང་ཨུ་དང་སྲིད་གཞུང་། སྤྱི་བདེ་ལས་ཁུངས་བཅས་ཀྱིས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་འཇིགས་སྐུལ་བྱ་འགུལ་སྤེལ་བའི་དོགས་ཡོད་མི་སྣ་དང་ཁུངས་སྣེ་རང་འགུལ་སྒོས་ཡར་ཞུ་བྱེད་པར་སྐུལ་སློང་བྱེད་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་གཏུག་བཤེར་བྱས་པའི་གནས་ཚུལ་ལ་དཔྱད་ཞིབ་བདེན་དཔང་བྱས་ནས། དེའི་ནུས་པ་དང་། ཕན་འབྲས་ལྟར་གཏུག་བཤེར་བྱེད་མཁན་ལ་སྒོར་མོ་སྟོང་གཉིས་ནས་ཁྲི་ལྔའི་བྱ་དགའ་སྟེར་རྒྱུ་ཡིན་པ་མ་ཟད། གཏུག་བཤེར་བྱེད་མཁན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག