མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་གིས་རོང་འབྲོག་པའི་ནད་བཅོས་ལ་སྟབས་བདེ་བསྐྲུན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-12 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཐེ་གེ་ཞང་ཧི་ལི་སི་གོང་མ་སྡེ་བའི་འཕྲོད་བསྟེན་ཁང་དེ་རིམ་པ་གོང་མའི་ཤུགས་ཆེན་པོས་རོགས་སྐྱོར་བྱས་པ་བརྒྱུད། ད་ལྟ་ཚད་གཞི་ཅན་གྱི་འཕྲོད་བསྟེན་ཁང་དུ་འཛུགས་སྐྲུན་བྱས་ཡོད་པ་དང་། སྨན་པའི་ལས་རིགས་ཐོབ་ཐང་ལྡན་པའི་སྨན་པ་གཉིས་ཡོད་པས་སྡེ་བ་ཡོངས་ཀྱི་སྡེ་དམངས་ལ་སྔོན་འགོག་དང་བདེ་སྲུང་། གཞི་རྩའི་སྨན་བཅོས། ཁམས་གསོ། བདེ་ཐང་སློབ་གསོ། འཆར་ལྡན་བུ་སྐྱེས་བཅས་གཅིག་ཏུ་འདུ་བའི་འཕྲོད་བསྟེན་ཞབས་ཞུ་མཁོ་སྤྲོད་བྱས་ཡོད།

ས་གནས་འདིའི་རོང་འབྲོག་པའི་བདེ་ཐང་ཡིག་ཚགས་བཟོས་ཚད་བརྒྱ་དང་གསར་དར་རོང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ལམ་ལུགས་སུ་ཞུགས་ཚད་བརྒྱ། ཞིང་སྡེའི་ལོ་བདུན་མན་གྱི་བྱིས་པར་བདེ་ཐང་བྱང་བུ་བཟོས་ཚད་བརྒྱ་བཅས་ལ་བསླེབས་ཡོད་པ་དང་། མང་ཚོགས་ཀྱིས་རང་གི་སྡེ་བ་ནས་ནད་བརྟག་སྨན་བཅོས་བྱེད་ཐུབ་པས་ཕན་ཁེ་གང་ལེགས་བསྐྲུན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག