མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་སློབ་གྲྭའི་མཐའ་འཁོར་གྱི་པར་སྐྲུན་ཚོང་རར་ཆེད་དོན་དག་ཐེར་བཅོས་སྐྱོང་འགུལ་སྐྱོད་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-12 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ན་གཞོན་ལོ་ཆུང་རྣམས་སྐྱོན་བྲལ་བའི་ངང་འཚར་ལོངས་འབྱུང་བར་ཕན་པའི་རིག་གནས་ཁོར་ཡུག་ཅིག་བསྐྲུན་ཆེད། ཟླ་དགུ་བའི་ཟླ་སྟོད་ནས་བཟུང་སྟེ། མཚོ་སྔོན་ཞིང་ཆེན“འཆལ་ཕྱགས་འགལ་རྡུང”གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ནས་ཞིང་ཆེན་ཡོངས་ནས་ཟླ་གཅིག་རིང་གི་སློབ་གྲྭའི་མཐའ་འཁོར་གྱི་དཔེ་འཚོང་ཚོང་རར་ཆེད་དོན་དག་ཐེར་བཅོས་སྐྱོང་འགུལ་སྐྱོད་སྤེལ་ཞིང་། དཔེ་སྐྲུན་དངོས་རྫས་བཙོང་བའི་ཚོང་རར་གཙང་བཤེར་བྱས་པ་དང་། པར་སྐྲུན་བསྐྱར་སྒྲིག་ཁེ་ལས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ནས། ཤུགས་ཆེན་པོས་འབྲེལ་ཡོད་གྱོད་གཞི་རྩད་བཅད་དེ། དྲ་རྒྱའི་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱས།

མཚོ་སྔོན་ཞིང་ཆེན“འཆལ་ཕྱགས་འགལ་རྡུང”གཞུང་སྒྲུབ་ཁང་གི་འགན་ཁུར་པས་མཚམས་སྦྱོར་བྱས་པ་ལྟར་ན། ཆེད་དོན་འགུལ་སྐྱོད་ཁྲོད་དུ་ས་གནས་སོ་སོའི“འཆལ་ཕྱགས་འགལ་རྡུང”གཞུང་སྒྲུབ་ཁང་གིས་རིག་གནས་ཁྲིམས་འཛིན་དང་། སློབ་གསོ། བཟོ་ཚོང་། སྤྱི་བདེ་སོགས་སྡེ་ཁག་རྩ་འཛུགས་བྱས་ནས་མཉམ་འབྲེལ་སྒོས་ཁྲིམས་འཛིན་བྱ་བ་སྤེལ་བ་དང་། སློབ་གྲྭ་འབྲིང་ཆུང་གི་མཐའ་འཁོར་གནད་སར་བརྩིས་ནས། ཚོང་རར་གཙང་བཤེར་བྱས་པ་དང་། ན་གཞོན་ལོ་ཆུང་ལ་གནོད་པ་ཡོད་པའི་ནང་དོན་མི་ལེགས་པའི་དཔེ་ཆ་དང་ཡང་ན་འོད་སྡེར། རྩུབ་སྤྱོད་དང་འཇིགས་སྐུལ། རྨོངས་དད་སོགས་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་ནང་དོན་དང་ཡང་ན་ཁྲིམས་དང་འགལ་ནས་པར་དུ་བསྐྲུན་པའི་ལོ་ཆུང་བྱིས་པའི་དཔེ་དེབ་སོགས་དང་། བསྐྱར་དཔར་སློབ་དེབ་སོགས་ཚང་མ་གཞུང་ལ་བླངས་པ་དང་། ཁྲིམས་དང་འགལ་ནས་པར་དུ་བསྐྲུན་པའི་གནས་གཏན་ཁེལ་མེད་པའི་ཚོང་བ་དང་། ལག་རྟགས་མེད་པའི་ཚོང་གཉེར་མཁན་རྣམས་མེད་པར་བཏང་། ཁོངས་གཏོགས་ས་ཁུལ་ནས་པར་སྐྲུན་དང་བསྐྱར་དཔར་བྱེད་པའི་ཁེ་ལས་དག་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་དགོས་པ་དང་། ནང་སྒོས་སུ་ཟི་ལིང་དང་། མཚོ་ཤར། མཚོ་ནུབ། མཚོ་ལྷོ། རྨ་ལྷོ་སོགས་ས་ཆར་ཞིབ་བཤེར་ནན་མོ་བྱེད་དགོས་པ་དང་། ཁྲིམས་འགལ་ལུགས་འགལ་གྱི་སྒོ་ནས་པར་སྐྲུན་དང་བསྐྱར་དཔར་བྱས་པའི་སློབ་དེབ་སོགས་ལ་ཁྲིམས་ཆད་ནན་མོ་གཅོད་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག