མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་ཁུལ་གྱིས་དགོན་པའི་གློག་རླངས་སྐུད་ལམ་ཕྱོགས་ཡོངས་ནས་བསྒྱུར་བཀོད་བྱས།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-21 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མེ་འགོག་རུ་ཁག་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དགོངས་དོན་ལྟར། ཧུར་ཐག་སྒོས་ཁུལ་དང་རྫོང་སྲིད་གཞུང་ལ་མཐུན་སྦྱོར་བྱེད་པ་དང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་མཉམ་འབྲེལ་བྱས་ཏེ། གྲོན་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་ཁྲི་གཅིག་བསྡུས་ནས་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པ་ང་གཉིས་ཀྱི་གློག་རླངས་སྐུད་ལམ་རྙིང་བ་བསྒྱུར་བཀོད་བྱེད་པའི་ལས་གཞི་སྤེལ་བ་དང་། རྨ་ལྷོ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ལ་གཞོགས་འདེགས་བྱས་ཏེ། གློག་ཤུགས་བཟོ་སྐྲུན་ཨར་ལས་ལས་ཁུངས་གཏན་ཁེལ་དང་། དགོན་པའི་ལས་གཞི་བསྒྱུར་བཀོད་ཀྱི་འཆར་གཞི་གཏན་འབེབས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟ་ཁུལ་ཡོངས་ཀྱི་གནའ་བོའི་བཟོ་སྐྲུན་དོ་དམ་དང་བཀོལ་སྤྱོད་ལས་ཁུངས་ཀྱིས་མེ་འགོག་རྩ་འཛུགས་ལས་ཁུངས་བཙུགས་ཡོད་ནའང་། དགོན་པ་མང་བོ་ཞིག་ལ་མ་རྩ་ཉུང་བའི་རྐྱེན་གྱིས་གློག་ཤུགས་སྐུད་ལམ་ལ་སྲུང་སྐྱོབ་བྱས་མེད་པ་དང་། དགོན་པའི་གློག་རླངས་ཀྱི་སྐུད་ལམ་ཧ་ཅང་རྙིང་བར་ཡོད་ལ། དགོན་པའི་ཁང་བ་ཚང་མ་ཤིང་ཁང་ཡིན་པས། མེ་སྐྱོན་བྱུང་ཚེ་གྱོང་གུད་ཚབས་ཆེན་འབྱུང་སྲིད། ཐེངས་འདིར་བོད་བརྒྱུད་ནང་བསྟན་དགོན་སྡེ་རུ་གློག་རླངས་སྐུད་ལམ་བསྒྱུར་བཀོད་བྱེད་པའི་ལས་གཞི་སྤེལ་བ་འདིས་དགོན་པ་རུ་མེ་འགོག་བདེ་འཇགས་དོ་དམ་བྱ་བ་སྔར་ལས་བཟང་བོར་སྤེལ་ནས། ཁུལ་ཡོངས་ཀྱི་དགོན་པའི་མེ་འགོག་བདེ་འཇགས་ཀྱི་ཁོར་ཡུག་ཇེ་བཟང་དུ་གཏོང་ཐུབ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག