མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“གཡང་མདའ་རྟགས་མའི”རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་ཟླ9བའི་ནང་གཅན་ཚ་ནས་བསྡུ་རྒྱུ་ཡིན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-21 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། གསར་འགོད་པས2014ལོའི་སྐབས་གསུམ་པའི“གཡང་མདའ་རྟགས་མའི”རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་ཚོགས་སམ་མདའ་སྟོན་རིག་གནས་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ལས་རྒྱུས་ལོན་པ་ལྟར་ན། ཀྲུང་གོའི་མདའ་འཕེན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་།  རྨ་ལྷོ་ཁུལ་སྲིད་གཞུང་དང་གཅན་ཚ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་སྒྲུབ་འགན་ཁུར་བའི2014ལོའི་སྐབས་གསུམ་པའི“གཡང་མདའ་རྟགས་མའི”རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་ཚོགས་སམ་མདའ་སྟོན་རིག་གནས་དུས་ཆེན་ཟླ9བའི་ཚེས10ཉིན་ནས་ཚེས13ཉིན་བར་གཅན་ཚ་མར་ཁུ་ཐང་གྲོང་རྡལ་དུ་བསྡུ་རྒྱུ་རེད།

ཤེས་གསལ་བྱུང་བ་ལྟར་ན། ཐེངས་འདིའི་གདན་ཞུ་འགྲན་ཚོགས་ལས“སྲིད་གཞུང་གིས་སྒྲུབ་འགན་ཁུར་བ་དང་།  དམངས་ཡོངས་དེའི་ནང་དུ་ཞུགས་པ་དང་།  གཟབ་རྒྱས་དང་གྲོན་ཆུང་། བདེ་འཇགས་དང་འཆམ་མཐུན་ཡིན་དགོས་པའི”རྩ་དོན་དམིགས་སུ་བཟུང་ནས། མདའ་འཕེན་རིག་གནས་དར་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་བྱེད་པ་བཅས་རབ་མཛེས་མཚོ་སྔོན་དུ་ཕེབས་ནས། གཅན་ཚའི་ཡུལ་གྱི་མཛེས་ལྗོངས་ལ་ཉམས་སུ་རོལ་བའི་དུས་མཚུངས་སུ།  རྒྱལ་ཁབ་ཕྱི་ནང་ཀུན་གྱི་མདའ་འཕེན་ལ་དགའ་ཞེན་ཆེ་མཁན་ལ་ཕན་ཚུན་བརྗེ་རེས་དང་མཉམ་གཅིག་ཏུ་མདའ་རྩལ་ཉམས་མྱོང་བགྲོ་གླེང་བྱེད་པའི་སྟེགས་བུ་ཞིག་འདོན་སྤྲོད་བྱས་པས།  མི་རྣམས་ཀྱིས་མདའ་འཕེན་འགྲན་བསྡུར་ལ་ཉམས་སུ་མྱོང་བའི་མཚུངས་སུ་མི་རིགས་ཀྱི་མདའ་འཕེན་ལུས་རྩལ་ལ་རྒྱུས་ལོན་ཟབ་མོ་བྱེད་ངེས། སྐབས་དེར་རྒྱལ་ཁབ་དང་ས་གནས10ཡི་འཐུས་ཚབ་ཚོགས་པ་དང་རང་རྒྱལ་གྱི་འཐུས་ཚབ་ཚོགས་པ20ལྷག་ཐེངས་འདིའི་མདའ་འཕེན་འགྲན་བསྡུར་སྟེང་ཞུགས་རྒྱུ་རེད།

2006ལོ་ནས་བཟུང་།  རྨ་ལྷོ་ཁུལ་གྱིས་བསྟུད་མར་ཞིང་ཆེན་ཡོངས་དང་རྒྱལ་ཡོངས།  རྒྱལ་སྤྱིའི་རང་བཞིན་གྱི“གཡང་མདའ་རྟགས་མའི”མདའ་འཕེན་འགྲན་བསྡུར་ཐེངས་གཉིས་ལ་སྤེལ་ཞིང་།  ཧུར་ཐག་སྒོས་ལུས་རྩལ་འགྲན་ཚོགས་བསྡུ་བ་དང་རིག་གནས་བརྗེ་རེས་བྱེད་པ།  ཚོང་འགུག་རྣམ་གྲངས་བརྩོན་ལེན་བྱེད་པ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད། ས་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐོབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག