མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐེངས་བཅུ་བཞི་པའི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་དཀར་མཛེས་ནས་བསྡུས་པ།

རྩོམ་པ་པོ། གསར་འགོད་པ། རྡོ་རྗེ་བསམ་འགྲུབ་དང་འབུམ་པ་རྒྱལ།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-21 10:59

ཚོགས་རའི་ཡུལ་དངོས།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་འགོ་གཙོ་གཞོན་པ་དགེ་གཉེན་གྱིས་ཚོགས་ཐོག་ནས་གཏམ་བཤད་བཞིན་པ།

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ 8པའི་ཚེས 20ཉིན། ཐེངས་བཅུ་བཞི་པའི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་དཀར་མཛེས་དར་མདོ་ནས་བསྡུས་པ་དང་། ཚོགས་འདུའི་སྟེང་དཀར་མཛེས་ཁུལ་ཨུའི་དྲུང་ཡིག་གཞོན་པ་ཞ་ཡུང་ཀྲིས་གཙོ་སྐྱོང་གནང་པ་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་སྐུ་གཞོན་དགེ་གཉེན་དང་། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའི་པུའུ་ཀྲང་དང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བྱང་ལོ་བཅས་སོ་སོས་གསུང་བཤད་གནང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གཙོ་སྒྲིག་སྐུ་གཞོན་ངག་དབང་ཚེ་རིང་ཚོགས་འདུར་ཞུགས།

ཚོགས་འདུ་ལ་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། སི་ཁྲོན་ཉིན་རེའི་ཚགས་པར་ཁང་། ཀྲུང་དབྱང་མི་དམངས་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀྲུང་གོའི་བོད་ལྗོངས་དྲ་བ། ཀྲུང་གོའི་བོད་ཀྱི་དྲ་བ། མཚོ་སྔོན་བོད་ཀྱི་སློབ་གསོ། སྦྲང་ཆར་རྩོམ་སྒྲིག་ཁང་། སི་ཁྲོན་ཏང་འཛུགས་རྩོམ་སྒྲིག་ཁང་། ཆབ་མདོ་ཚགས་པར་ཁང་། དཔའ་རིས་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་རྒྱལ་ཡོངས་བོད་ཁུལ་གྱི་གསར་འགྱུར་སྨྱན་བྱད་དང་དུས་དེབ་རྩོམ་སྒྲིག་ཁང་། རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ལས་ཁུངས༢༨ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་སྟེང་མཐུན་སྦྱོར་ཚོགས་འདུའི་གྲ་སྒྲིག་གནས་ཚུལ་སྙན་ཞུ་བྱས་པ་དང་། ཚོ་ཆུང་བགོས་ནས་ཕུལ་བྱུང་གསར་འགྱུར་དང་དཔྱད་རྩོམ་དཔྱད་འདེམས། བརྡ་ཆད་གསར་བ་གཅིག་གྱུར་བྱས་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག