མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལའོ་ཧེས་ཉིན་དང་ཧའོ་ཕིན་གྱིས་ཧྲན་ཏོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པར་ཐུག་འཕྲད་གནང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-21 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན།  ཧྲན་ཏོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ཀའོ་ཧྲུ་ཆིན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡན་ཧྲི་ཡུན་གྱིས་སྣེ་ཁྲིད་པའི་ཧྲང་ཏོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་མཚོ་སྔོན་དུ་བརྟག་དཔྱད་སློབ་སྦྱོང་བྱེད་དུ་ཡོང་བ་དང་མཚོ་སྔོན་དུ་ཁ་གཏད་རོགས་སྐྱོར་བྱེད་དུ་ཡོང་བའི་ཧྲན་ཏོན་གྱི་ལས་བྱེད་མི་སྣ་བཅས་ལ་འཚམས་འདྲི་བྱས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལའོ་ཧེས་ཉིན་དང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ཧའོ་ཕིན་གྱིས་ཧྲན་ཏོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པར་ཐུག་འཕྲད་གནང་།

ཐུག་འཕྲད་ཁྲོད་དུ་ལའོ་ཧེས་ཉིན་གྱིས་ཧྲན་ཏོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་མཚོ་སྔོན་དུ་ཕེབས་པར་དགའ་བསུ་བྱས་པ་དང་།  ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་དུ་ཁ་གཏད་རོགས་སྐྱོར་བྱེད་པའི་སྲིད་ཇུས་བཀོད་སྒྲིག་བྱས་པ་ནས་བཟུང་། ཧྲན་ཏོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆབ་སྲིད་གླེང་བ་དང་གཞུང་དོན་ལ་དོ་སྣང་བྱེད་པ།  ཚད་མཐོ་བའི་སྒོ་ནས་མཚོ་བྱང་ཁུལ་གྱི་ཁ་གཏད་རོགས་སྐྱོར་རྣམ་གྲངས་ལ་མཐོང་ཆེན་བྱས་མཐར། དཔལ་འབྱོར་དང་བློ་ཤུགས། ལས་བྱེད་མི་སྣ་སོགས་ཕྱོགས་གང་ཅི་ཐད་ནས་ཁ་གཏད་རོགས་སྐྱོར་བྱེད་པའི་རྣམ་པ་ལེགས་པོ་ཞིག་ཆགས་ཡོད། རྣམ་གྲངས་སོ་སོ་དང་དོན་དངོས་སོ་སོ་སྒྲུབ་པ་བརྒྱུད། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཚོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་དང་མེས་རྒྱལ་ཁྱིམ་གཞིས་ཆེན་མོའི་དྲོད་འཁོལ་མྱོང་བ་རེད་ཟེར།  ཁོང་གིས་ད་དུང་ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པར་དཔལ་འབྱོར་མཉམ་ལས་དང་མི་ཆོས་བརྗེ་རེས་ཐད་ཤུགས་སྣོན་ནས།  མཉམ་གཅིག་ཏུ་ཁེ་བཟང་ཐོབ་དགོས་པའི་རེ་བ་བཏོན།

ཀའོ་ཧྲུ་ཆིན་གྱིས་ཧྲན་ཏོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཁ་གཏད་རོགས་སྐྱོར་བྱ་བར་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཐེངས་འདིར་ཡོང་དོན་ནི་ཕན་ཚུན་བར་གྱི་མཐུན་སྦྱོར་བརྗེ་རེས་ལ་ཤུགས་སྣོན་ནས། ཁ་གཏད་རོགས་སྐྱོར་བྱ་བ་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ་དེ་ཡིན། “རྨ་འབྲི་རྫ་གསུམ་འབྱུང་ཡུལ” དུ་ཆགས་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་ཚད་བཏོན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་པ་དང་། ཧྲན་ཏོན་ཞིང་ཆེན་ལའང་ཕན་ཁེ་ཐོབ་ཡོད། ཐེངས་འདིར་ཧྲན་ཏོན་ཞིང་ཆེན་གྱི་ཁེ་ལས10དང་མཉམ་དུ་མཚོ་སྔོན་ལ་བརྟག་དཔྱད་བྱེད་དུ་ཡོང་བ་དང་། རེ་བ་ཡིན་ན་མཉམ་གཅིག་ཏུ་ཞིང་ཆེན་གཉིས་བར་གྱི་མཐུན་སྦྱོར་མཉམ་ལས་ལ་སྐུལ་འདེད་བྱེད་དགོས་ཟེར།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་ཆིན་དང་མྰ་ཧྲོན་ཆིན། ཝང་ཞའོ་སོགས་འབྲེལ་ཡོད་བྱ་འགུལ་སྟེང་ཞུགས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག