མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་གྱི་ཞབས་ཞུ་བཙོང་བའི་བྱ་བ་དངོས་སུ་སྤེལ་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-20 11:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་དམངས་སྲིད་ཐིན་དང་།ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ལས་ཁུངས་གསུམ་གྱིས་གཏན་འབེབས་བྱས་པའི«སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྤྱི་ཚོགས་སྟོབས་ཤུགས་ལ་དབང་བོ་སྐྱོན་ཅན་གྱི་ཞབས་ཞུ་བཙོང་བའི་ལག་བསྟར་བྱེད་ཐབས»དཔར་ནས་བཀྲམས། འདིས་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ལ་དབང་བོ་སྐྱོན་ཅན་གྱི་ཞབས་ཞུ་ལ་བཙོང་བའི་བྱ་བ་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་པ་དང་། དབང་བོ་སྐྱོན་ཅན་གྱི་སྤྱི་པའི་ཞབས་ཞུའི་བྱ་བ་སྤྱི་ཚོགས་ཅན་དང་། ཆེད་ལས་ཅན། ཁྲོམ་ར་ཅན་བཅས་ཀྱི་ལམ་དུ་བསྐྱོད་པ་མཚོན་ཡོད།

སྲིད་གཞུང་གིས་དབང་བོ་སྐྱོན་ཅན་གྱི་ཞབས་ཞུ་བཙོང་བའི་ལས་གཞིའི་ནང་དུ་ཁམས་གསོ་དང་། གཞི་རྩའི་འཚོ་བའི་ལྟ་སྐྱོང་། གེག་མེད་ཁོར་ཡུག ལས་ཞུགས། བཅའ་ཁྲིམས། རིག་གནས་ལུས་རྩལ་བཅས་དབང་བོ་སྐྱོན་ཅན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཕྱོགས་དྲུག་གི་ནང་དོན་འདུ། བཙོང་ཡུལ་གཙོ་བོ་ནི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོ་སོ་དང་དེའི་ཁོངས་གཏོགས་ཀྱི་ལས་དོན་ལས་ཁུངས་ཡིན་ལ། དབང་བོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི་སྤྱི་ཚོགས་རྩ་འཛུགས་དང་། ལས་ཁུངས། ཁེ་ལས་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་། ཆ་རྐྱེན་དང་མཐུན་པའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། དེའི་ཁོངས་གཏོགས་ལས་དོན་ལས་ཁུངས་ཀྱིས་ཀྱང་ཞབས་ཞུའི་ལས་གཞི་དང་ལེན་བྱས་ཆོག བཙོང་ཐབས་ལ་ལས་གཞིའི་ཞབས་ཞུ་བཙོང་བ་དང་། ཞབས་ཞུའི་ལས་རྐང་བཙོང་བ། གཞུང་འཛུགས་དམངས་གཉེར། དམངས་སྒྲུབ་གཞུང་རོགས་བཅས་ལས་གཞི་བཞི་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག