མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཀོང་རོང་གིས་མཚོ་བྱང་ཁུལ་དང་མཚོ་ཤར་གྲོང་ཁྱེར་གྱི་གཞི་རིམ་བདེ་འཇགས་འཛུགས་སྐྲུན་བྱ་བར་བརྟག་དཔྱད་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-20 10:42

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས13ཉིན་ནས་ཚེས15ཉིན་བར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་ཧེ་ཡན་རྫོང་དང་མེན་ཧི་རྫོང་། ལའོ་ཏུའུ་ས་ཁུལ་དང་གཞི་རིམ་གྱི་སྲིད་ཁྲིམས་ལས་ཁུངས་བཅས་སུ་སོང་སྟེ་བོད་ཁུལ་བརྟན་འཇགས་དང་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་བྱེད་པའི་ཚོད་ལྟའི་བྱ་བ་དང་། གྲོང་ཁྱེར་གྱི་རྣམ་པ་བསྒྱུར་བའི་ཁྲོད་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱེད་པ་དང་བདེ་འཇགས་འཛུགས་སྐྲུན་བྱ་བའི་གནས་ཚུལ་སོགས་ལ་བརྟག་དཔྱད་བྱས། ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། “ སྲ་ཆས”སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་མཉམ་དུ“མཉེན་ཆས”འཛུགས་སྐྲུན་བྱེད་པའི་བྱ་བར་དོ་སྣང་བྱས་ཏེ་ཧུར་ཐག་སྒོས་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བདེ་འཇགས་དང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་པར་འགན་སྲུང་བྱེད་དགོས་ཟེར།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། “ཟུང་འབྲེལ་གསུམ”རྒྱུན་འཁྱོངས་བྱེད་དགོས་པ་སྟེ། དཔེ་སྟོན་རྟེན་གཞི་གསོ་སྐྱོང་དང་མཛེས་སྡུག་གི་ཞང་སྡེ་འཛུགས་སྐྲུན་བྱེད་པ་གཉིས་ཟུང་དུ་སྦྲེལ་བ་དང་། སྡེ་བ་དང་སྡོད་ཁུལ་རྩ་འཛུགས་དང་འཛུགས་སྐྲུན་བྱེད་པ་དང་ཟུང་དུ་སྦྲེལ་བ། གྲོང་རྡལ་ཅན་འཛུགས་སྐྲུན་བྱེད་པ་དང་ཟུང་དུ་སྦྲེལ་བ་བཅས་བྱེད་དགོས་པ་མ་ཟད། “ དྲ་འབྲེལ་གསུམ”འཐུས་ཚང་དུ་གཏོང་བ་དང“བྱ་བ་གཉིས”དམ་འཛིན་བྱས་ནས་གཞི་རིམ་དུ་འཆམ་མཐུན་བརྟན་འཇགས་ཀྱི་གཞི་རྩ་ཆགས་པར་འབད་བརྩོན་བྱེད་དགོས་ཞེས་བསྟན། 

 ཀྲང་ཀོང་རོང་གིས་ད་དུང་གཞིས་ཁུལ་གྱི་གནས་ཚུལ་སྣ་ཚོགས་དང་འགལ་ཟླ་སོགས་ཐག་གཅོད་བྱེད་པར་ནན་ཏན་བྱ་དགོས་པ་དང་། གཞིས་ཁུལ་གྱི་གཙོ་གནད་མི་སྣར་རོགས་སྐྱོར་དང་ཚོད་འཛིན་བྱེད་པ་སོགས་སྲིད་ཁྲིམས་ལམ་ལུགས་བཅོས་བསྒྱུར་ཐད་ནས་བླང་བྱ་གསར་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག