མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་ཐེངས་བཅུ་གཉིས་པ་བསྡུས།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-20 10:42

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལོ་ཧོས་ཉིན་གྱིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས་ཏེ། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་གནད་དོན་ཐེར་འདོན་དང་། སྐྱོན་བརྗོད་བྱ་བའི་སྤྱི་སྡོམ་དང་ལེགས་བཅོས་དངོས་འབེབས། ལམ་ལུགས་གཙང་བཅོས་ཡོང་མིན་བཅས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་ལེགས་པོ་བྱས། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཅན་ཅོན་དང་རྡོ་རྗེ་རབ་བརྟན། ཝང་ལིན་ཅོན་བཅས་ཚོགས་འདུར་ཞུགས།

ཚོགས་འདུ་ལས་སློབ་གསོ་བྱ་འགུལ་གྱི་སྤྱིའི་འཕེལ་ཕྱོགས་ལ་ངོས་ཟིན་ཡང་དག་ཡོད་པར་བྱས་ཏེ། མགོ་མཇུག་བར་གསུམ་ཆ་ཚང་བའི་སྒོ་ནས་སློབ་གསོ་ལག་ལེན་བྱ་འགུལ་ཤུགས་དང་ལྡན་པའི་ངང་སྤེལ་དགོས། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། སློབ་གསོ་ལག་ལེན་བྱ་འགུལ་ལ་སློབ་སྦྱོང་དང་། བསམ་འཆར་བསྡུ་ལེན། གནད་དོན་འཚོལ་ཞིབ་བཅས་ལ་ནུས་ཤུགས་གང་ཡོད་བཏོན་པས། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་འབུར་ཐོན་ཐོབ་ཡོད་ནའང་། ད་དུང་མཉམ་འཇོག་དང་དོ་སྣང་བྱ་དགོས་པའི་གནད་དོན་མི་ཉུང་བ་ཞིག་སྔར་བཞིན་གནས་ཡོད་པར་བརྟེན། རིམ་པ་སོ་སོའི་ཏང་ཨུ་ཡིས་བྱ་འགུལ་གྱི་ལས་རིམ་ཁག་ལ་མཐོང་ཆེན་བླ་མེད་གནང་ཐོག ལྷོད་གཡེང་གི་རྣམ་པ་བསྒྱུར་བ་དང་། དུས་ཐུང་ནང་གྲུབ་འབྲས་འབུར་ཐོན་ལེན་པ་ཁོ་ན་དམིགས་འབེན་དུ་འཛིན་མཁན་ལ་འགོག་རྒོལ་བཅས་བྱས་ཏེ། ཕན་འབྲས་ལྡན་པའི་བྱེད་ཐབས་སྤྱད་ནས། དངོས་ཡོད་གནད་དོན་ཡོད་ཚད་དངོས་སུ་ཐག་གཅོད་པར་འབད་དགོས། མིག་སྔར། སློབ་གསོ་ལག་ལེན་བྱ་འགུལ་གནད་འགག་གི་དུས་རིམ་དུ་གནས་ཡོད་ལ། ཞིབ་ཚགས་དང་ཕན་འབྲས་ལྡན་པའི་ངང་ལས་སྒོ་ཡོད་ཚད་སྒྲུབ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་དག་ཅིག་ཡིན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བློ་མཐུན་ལིག་ཡུན་ཧྲན་གྱིས་མཚོ་སྔོན་ནས་རྟོག་ཞིབ་བྱེད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ཏེ། ཚད་གཞི་མཐོ་ལ་བླང་བྱ་ནན་མོ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཕན་འབྲས་ལྡན་པའི་ངང་བྱ་འགུལ་སྤེལ་བར་འགན་ལེན་ཁག་ཐེག་བྱེད་དགོས་པར་བསྟན།

ཚོགས་འདུ་ལས་བསྟན་དོན། གནད་དོན་འབུར་ཐོན་འཚོལ་བ་དང་གནད་དོན་གྱི་གལ་ཆེན་རང་བཞིན་ལ་ངོས་ཟིནཡང་དག་ཡོད་པར་བྱས་ནས། མང་ཚོགས་ཀྱི་འདོད་བློ་དང་མཐུན་པའི་ལས་བྱེད་པ་རྣལ་མ་ཞིག་འཁྱོངས་བར་འབད་བརྩོན་ལྷོད་མེད་བྱ་དགོས་ན། གཤམ་གསལ་གྱི་གནད་དོན་གསུམ་ལ་དོ་སྣང་བྱ་དགོས་ཏེ། གཅིག བྱ་འགུལ་གྱི་མགོ་མཇུག་བར་གསུམ་ཀུན་ཏུ་འབད་བརྩོན་ལྷོད་མེད་ཀྱི་འདུ་ཤེས་འཛིན་དགོས། གཉིས། ཞིབ་ཕྲའི་འབུར་ཐོན་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས། གསུམ། མ་འོངས་བར་ཤུགས་རྐྱེན་ཆེན་པོ་ཡོད་པའི་གནད་དོན་དུས་ལྟར་ཐག་གཅོད་ནན་མོ་བྱ་དགོས་ཟེར།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། མགོ་ཁྲིད་དང་རྩ་འཛུགས་བྱ་བར་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་ཆེན་པོ་བྱས་ཏེ། སློབ་གསོ་ལག་ལེན་བྱ་འགུལ་ཕན་འབྲས་ལྡན་པའི་ངང་སྤེལ་བའི་འགན་འཁྲིའི་འདུ་ཤེས་བརྟན་པོ་ཡོད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ནང་སྒོས་སུ་མགོ་ཁྲིད་གཙོ་བོ་དག་གིས་ཐོག་མཐའ་བར་གསུམ་ཀུན་ལ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་ལྟར། བྱ་འགུལ་མགོ་ཡོད་མཇུག་ཡོད་ཡོང་བར་སྔར་ལས་རྩལ་ནུས་འདོན་དགོས། ཞིང་ཆེན་དང་ཁུལ། རྫོང་རིམ་པ་བཅས་ཀྱི་ལྟ་ཞིབ་ཚན་ཁག་གིས་བསམ་སྦྱོར་གཉིས་ཐད་ནས་ལྟ་རྟོག་ནན་མོ་བྱས་ཏེ། བྱ་འགུལ་སྒོ་ཀུན་ནས་ལེགས་འགྲུབ་ཡོང་བར་ནས་ཤུགས་ཅི་ཡོད་འདོན་དགོས། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཚན་ཆུང་བྱ་བའི་གཞུང་སྒྲུབ་ཁང་གིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་མཉམ་གནས་ཡོང་བར་མུ་མཐུད་དུ་ནུས་པ་བཏོན་ནས། སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་མཐུན་རྐྱེན་གལ་ཆེན་ཞིག་ཏུ་འགྱུར་བར་བྱ་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག