མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་བཅུ་དྲུག་པའི་ཞིང་ཆེན་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྟེང་གི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་གུང་ཧོ་རྫོང་ནས་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-20 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་དྲུག་པའི་ལུས་རྩལ་འགྲན་ཚོགས་སམ“གསེར་ཆུ་རྟགས་མའི”མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་ཚོགས་གུང་ཧོ་རྫོང་ནས་སྤེལ་འགོ་བརྩམས། ཐེངས་འདིའི་འགྲན་ཚོགས་ནི་རང་ཞིང་གིས་སྤེལ་བའི་ཐེངས་སྔོན་མ་ལས་གཞི་རྒྱ་ཅུང་ཆེ་ཞིང་། ཚད་གཞི་ཅུང་མཐོ་བ།  འགྲན་ཞུགས་མི་སྣ་ཆེས་མང་བའི་ལུས་རྩལ་འགྲན་ཚོགས་ཞིག་ཡིན།  ཉིན་གཉིས་རིང་ལ་འགྲན་རྩོད་བྱས་པ་བརྒྱུད། མདའ་རྩལ་འགྲན་བསྡུར་གྱི་རྣམ་གྲངས་གསུམ་ལ“དམངས་ཁྲོད་ཀྱི་མདའ་རྩལ་མཁས་ཅན”འཚར་ལོངས་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅི་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་བྱ་དགའ་ཐོབ་མཁན་ལ་བྱ་དགའ་གནང་།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་།  མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་སྒྲུབ་འགན་ཁུར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་གུང་ཧོ་རྫོང་མི་དམངས་སྲིད་གཞུང་། ཞིང་ཆེན་ཙོང་ཁའི་མི་རིགས་མདའ་འཕེན་གླུ་གར་ཨུ་ཡོན་ལྷན་ཚོགས་བཅས་ཀྱིས་སྒྲུབ་རོགས་བྱས།

ཚེས18ཉིན།  གུང་ཧོ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅི་ཀྲང་རྡོ་རྗེ་ཡིས་གསར་འགོད་པས་བཅར་འདྲི་དང་ལེན་བྱེད་དུས་ཐེངས་འདིའི་འགྲན་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་མདའ་འཕེན་འགྲན་བསྡུར་ལ་དགའ་ཞེན་ཆེ་བའི་མི་རྣམས་ལ་རང་ཉིད་ཀྱི་དགའ་ཕྱོགས་མངོན་འགྱུར་བྱེད་སའི་སྟེགས་བུ་ཞིག་འདོན་སྤྲོད་བྱས་པ་དང་། མི་རིགས་མང་པོའི་རིག་གནས་བརྗེ་རེས་བྱེད་པའི་གོ་སྐབས་ལེགས་པོ་ཞིག་ཀྱང་རེད། འགྲན་བསྡུར་ཁྲོད་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་རུ་ཡོང་བའི་མདའ་བ་ཚོས་འགྲན་བསྡུར་བརྒྱུད་ནས་བསམ་བློ་བརྗེ་རེས་བྱས་པའི་དུས་མཚུངས་སུ། སྔར་ལས་ལྷག་པར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་མདའ་འཕེན་ལུས་རྩལ་རྣམ་གྲངས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་པ་དང་། ས་དེའི་ཤུལ་བཞག་རིག་གནས་ལ་སྲུང་སྐྱོང་ཐོབ་པ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག