མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡན་ཅིན་ཧེ་ཡིས་མཚོ་ཤར་ས་ཁུལ་གྱི་ཆུ་ལོག་སྔོན་འགོག་བྱ་བར་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-20 10:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་མཚོ་ཤར་དང་ཤ་བོ་འགག་ཆུ་མཛོད་ས་ཚིགས་སུ་སོང་ནས་ཆུ་ལོག་འགོག་པའི་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱེད་སྐབས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟིས་ཆུ་ལོག་སྔོན་འགོག་བྱེད་པའི་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཆུ་ལོག་སྔོན་འགོག་བྱ་བར་འགན་སྲུང་བྱེད་དགོས་ཟེར།

ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆུ་ལོག་འགོག་པའི་འགན་འཁྲི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཆུ་ལོག་སྔོན་འགོག་བྱེད་པའི་གྲོས་གཞི་བཟོ་བཅོས་དང་ཆུ་ལོག་སྔོན་འགོག་བྱེད་པའི་སྦྱོང་བརྡར་ལ་ཤུགས་བསྣན་ཏེ་ཆུ་ལོག་སྔོན་འགོག་དང་གནོད་སེལ་རྒུད་སྐྱོབ་བྱེད་པའི་བྱ་བའི་མ་ལག་འཐུས་ཚང་དུ་བཏང་ནས་བྱ་བ་དེ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར།  

དེ་དང་མཉམ་དུ་ཡན་ཅིན་ཧེ་ཡིས་མཚོ་ཤར་གྲོང་ཁྱེར་གྱིས་མགྱོགས་མྱུར་ངང་རྨ་ཆུའི་འགྲམ་རྒྱུད་དུ་སྔོ་ཚོད་རྟེན་གཞི་འཛུགས་སྐྲུན་བྱས་ནས་ལོ་རེའི་འཛུགས་སྐྲུན་དང་ལོ་རེའི་འདེབས་འཛུགས་ཐོན་སྐྱེད་ཀྱི་བྱ་བར་འགན་སྲུང་བྱེད་དགོས་པ་མ་ཟད། སྔོ་ཚོད་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ཕན་ནུས་མཐོ་བའི་འཁོར་སྐྱོད་ལམ་ལུགས་དང་དངུལ་གཏོང་སྒྲིག་གཞི་འཚོལ་ཞིབ་བྱེད་པ་དང་དེའི་སྐོར་གྱི་ཉམས་མྱོང་སྤྱི་སྡོམ་བྱས་ཏེ་ཞིང་ཆེན་ལ་ཉམས་མྱོང་གསོག་པ་དང་དཔེ་སྟོན་གྱི་ནུས་པ་འདོན་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག