མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི“གཞི་གསུམ”འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་དང་པོ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-19 11:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི“གཞི་གསུམ”འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལོ་ཧོས་ཉིན་གྱིས་མགོ་འཛིན་བྱས་ཏེ། “གཞི་གསུམ”འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཅན་ཅོན་དང་། ཝང་ལིན་ཅོན། ཝང་ཞའོ་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་ཏེ། མགོ་ཁྲིད་ཚན་ཆུང་གི་བྱ་བའི་སྒྲིག་སྲོལ་ལ་གྲོས་ཞིབ་བྱས་པ་དང་། «མཚོ་སྔོན་ཞིང་ཆེན་ཏང་ཨུའི“གཞི་གསུམ”འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྲིད་སྐྱོང་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་བའི་སྐོར་གྱི་བསམ་འཆར»གྱི་ལས་འགན་གཙོ་བོའི་ལས་བགོས་ཇུས་གཞི་ཞིབ་འཇུག་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོའི་ལོ་སྨད་ཀྱི“གཞི་གསུམ”འཛུགས་སྐྲུན་བྱ་བའི་འཆར་གཞི་དུས་ལྟར་ཡོངས་འགྲུབ་གང་ལེགས་བྱེད་པ་དེ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་དང་ཟུང་དུ་སྦྲེལ་ནས། ཞིང་ཆེན་ཡོངས་ཀྱི་བྱ་བ་གལ་ཆེན་དག་དང་མཉམ་དུ་སྤེལ་བ་དང་། འབྲེལ་ཡོད་ལས་ཁུངས་དང་ལས་བྱེད་པ་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་གྱིས་གནད་དོན་ཐག་བཅད་དེ། གཟབ་ནན་གྱིས་ཏང་སྐྱོང་བའི་བྱེད་ཕྱོགས་ལག་བསྟར་དངོས་འབེབས་བཟང་བོ་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག