མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་མཚོ་ནུབ་ཁུལ་དུ་སོང་ནས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་གྱི་དགོངས་དོན་ལག་བསྟར་བྱེད་ཚུལ་ལ་བརྟག་དཔྱད་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-19 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་རང་ས་གནས་དང་རང་སྡེ་ཁག་གི“གཞི་གསུམ”འཛུགས་སྐྲུན་གནས་ཚུལ་ལ་དབྱེ་ཞིབ་ཟབ་མོ་བྱས་ནས་གནད་དོན་ལ་ཁ་གཏད་འཇལ་བ་དང་བྱ་བ་ཕྲག་ཏུ་ཁུར་ཕོད་པ། གཟབ་ནན་གྱིས་བྱ་བ་སྒྲུབ་པ། དངོས་གཉེར་བདེན་འཚོལ་བཅས་ཀྱི་སྒོ་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་དང་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཀོ་ལེ་མུའུ་ཏི་གྲོང་རྡལ་བདེ་སྐྱིད་གཞིས་ཁུལ་ནི་འབྲོག་དམངས་གཏན་སྡོད་བྱེད་པའི་བཟོ་སྐྲུན་ཞིག་ཡིན། ལོ་ཧོས་ཉིན་གྱིས་བརྩེ་བའི་ངང་འབྲོག་དམངས་ཚེ་ཆིས་ཀི་དང་སེ་རི་ཀི་ལིན་གཉིས་ལ་འཚམས་འདྲི་བྱས་ནས་ཁོ་ཚོས་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་རྟེན་འབྲེལ་ཞུས། རྩྭ་རའི་སྲུང་སྐྱོང་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས།  ཁོང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བྱེད་མི་སྣས་དུས་རྒྱུན་ཏུ་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་པ་དང་། རྩྭ་ཐང་སྲུང་སྐྱོང་དོ་དམ་གྱི་འགན་ཁུར་ལག་བསྟརབ་བྱེད་དགོས་པའི་བླང་བྱ་བཏོན།  ཁོང་གིས“གཞི་གསུམ”འཛུགས་སྐྲུན་ཁྲོད། གཞི་རིམ་རྩ་འཛུགས་ནི་གཙོ་གནད་ཡིན་པ་དང་།  ཤང་དང་གྲོང་རྡལ་གྱི་འགན་ཁུར་ཧ་ཅང་ཆེ་བས།  གཞི་རིམ་གྱི་ཏང་རྩ་འཛུགས་ནི་ཀུན་གྱི་བློ་གཏད་ཆོག་པའི་རྩ་འཛུགས་ཞིག་ཏུ་བྱེད་དགོས་པ་ནན་གྱིས་བསྟན།

བརྟག་དཔྱད་བྱེད་སྐབས་ལོ་ཧོས་ཉིན་གྱིས་མཚོ་ནུབ་ཁུལ་དང་ན་གོར་མོ། ཀོ་ལེ་མུའུ་ཏི་གྲོང་རྡལ་བཅས་ཀྱི་བྱ་བའི་ཡར་ཞུར་ཉན་ནས་ཁོ་ཚོའི་བྱ་བར་ཁས་ལེན་བྱས། ལོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས“གཞི་གསུམ”འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱ་བ་བཀོད་སྒྲིག་བྱས་ཡོད་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ཏང་རྩ་འཛུགས་བཅས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཏེ་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་དག་ཐེར་བཅོས་སྒྱུར་བྱ་བ་དངོས་འབེབས་བྱེད་པར་ཟུང་དུ་སྦྲེལ་ནས་ནན་ཏན་སྒོས་རང་ས་གནས་དང་རང་སྡེ་ཁག་གི“གཞི་གསུམ”འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་གནས་པའི་གནད་དོན་ཐག་གཅོད་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དང་དངོས་འབེབས་བཟང་བོ་བྱས་ཏེ་མགོ་ཁྲིད་ནུས་ཤུགས་དང་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

བརྟག་དཔྱད་བྱེད་སྐབས་ལོ་ཧོས་ཉིན་གྱིས་བསྟན་དོན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ལྷག་པར་དུ་མགོ་ཁྲིད་པ་དང་པོས་ལངས་ཕྱོགས་བརྟན་པོའི་ངང་རང་ལ་རེ་བ་ནན་མོ་བཟུང་ནས་བསམ་བློའི་ངོས་ཟིན་དང་སྒྲིག་ལམ་འཛུགས་པ། བྱེ་བྲག་གི་བྱེད་ཐབས་སོགས་ཀྱི་ཕྱོགས་ནས་མི་འདང་ས་བཙལ་ནས་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་ཧུར་ཐག་སྒོས་ཏང་ཨུའི་འགན་འཁྲི་དངོས་འབེབས་བྱས་ནས་ཕན་འབྲས་ལེན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག