མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་གིས་སྔ་གཞུག་ཏུ་མ་དངུལ་སྒོར་ཁྲི2000ལྷག་བཏང་སྟེ་ཆུའི་འབྱུང་ཡུལ18ནས་སྲུང་སྐྱོང་བཟོ་འགོད་ལག་བསྟར་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-19 10:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན།  རང་ཞིང་གིས་ཧུར་ཐག་སྒོས་མ་དངུལ་བརྩོན་ལེན་བྱས་ཏེ་མུ་མཐུད་དུ་ཆུའི་འབྱུང་ཡུལ་སྲུང་སྐྱོང་བྱེད་པར་མ་དངུལ་འབོར་ཆེན་གཏོང་བཞིན་ཡོད་ལ།  ཉེ་བའི་ལོ་འགའི་རིང་།  གཙོ་བོར་གྲོང་ཁྱེར་གྱི་འཐུང་ཆུའི་འབྱུང་ཡུལ་སྲུང་སྐྱོང་བཟོ་འགོད་ལག་བསྟར་བྱས་པ་དང་།  སྔ་གཞུག་ཏུ་མ་དངུལ་སྒོར་ཁྲི2000ལྷག་བཏང་སྟེ།  ཆུའི་འབྱུང་ཡུལ18ནས་འཐུང་ཆུའི་འབྱུང་ཡུལ་སྲུང་སྐྱོང་བཟོ་འགོད་ལག་བསྟར་བྱས།

 སྔོན་ཆད་རང་ཞིང་དུ་འཐུང་ཆུའི་འབྱུང་ཡུལ་སྲུང་སྐྱོང་ཕྱོགས་ནས་མ་ལག་མི་ཚང་བའི་རྣམ་པ་དམིགས་ཏེ། ཆུ་བེད་སྡེ་ཁག་གིས་ཆུའི་འབྱུང་ཡུལ་གྱི་སྲུང་སྐྱོང་བྱ་བར་ཇུས་འགོད་ལེགས་པོ་བྱས།  ཉེ་བའི་ལོ་འགའི་རིང་། སྔ་གཞུག་ཏུ《མཚོ་སྔོན་ཞིང་ཆེན་གྲོང་ཁྱེར་གྱི་འཐུང་ཆུའི་འབྱུང་ཡུལ་བདེ་འཇགས་འགན་སྲུང་འཆར་གཞི》སྒྲིག་བཟོ་བྱས་པ་དང་།  འཆར་གཞི་འདི་ལག་བསྟར་བྱས་པ་བརྒྱུད། ཆུའི་འབྱུང་ཡུལ་སྲུང་སྐྱོང་བྱེད་པའི་སྐབས་སུ་གནས་པའི་གནད་དོན་ཐག་བཅད་པ་མ་ཟད།  ད་དུང་ཆུའི་འབྱུང་ཡུལ་སྲུང་སྐྱོང་བཟོ་འགོད་དང་བཟོ་འགོད་མ་ཡིན་པའི་བྱེད་ཐབས་གཏན་འཁེལ་བྱས་ཡོད་པས།  ཆུའི་འབྱུང་ཡུལ་གྱི་སྲུང་སྐྱོང་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བར་ལག་རྩལ་ཕྱོགས་ནས་རྨང་གཞི་བརྟན་པོ་བཙུགས།  ད་ལོར་རང་ཞིང་གིས་ཆུའི་འབྱུང་ཡུལ་སྲུང་སྐྱོང་ཐད་ནས་རིམ་པ་བགར་ནས་དོ་དམ་བྱེད་པར་ལེགས་འགྲུབ་བྱུང་ཞིང་།  ཆུ་བེད་སྡེ་ཁག་གིས《མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་གཙོ་གནད་དང་འཐུང་ཆུའི་འབྱུང་ཡུལ་གྱི་མིང་ཐོ(སྐོར་དང་པོ)》ཁྱབ་བསྒྲགས་བྱས་པ་དང་རྗེས་མར་ཆུའི་འབྱུང་ཡུལ་ཐད་རིམ་པ་བགར་ནས་དོ་དམ་བྱེད་པར་བླང་བྱ་གསར་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག