མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-18 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ལོ་སྟོད་ཀྱི་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་བྱ་བར་སྤྱི་བསྡོམས་དང་ལོ་སྨད་ཀྱི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་གཞི་རྩའི་ཞབས་ཞུ་གནས་ཚུལ་དང་དགོས་མཁོའི་ཐད་ཀྱི་ཞིབ་བཤེར་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁོང་ཡུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ལོ་སྟོད་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཡང་དག་འོག ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་ནས། དབང་བོ་སྐྱོན་ཅན་གྱི་ལས་དོན་གོང་འཕེལ་དུ་གཏོང་བར་འགན་སྲུང་བྱེད་པའི་སྲིད་ཇུས་བྱེད་ཐབས་སྔར་ལས་འཐུས་ཚང་དང་། སྤྱི་ཚོགས་འགན་སྲུང་མ་ལག་དང་ཞབས་ཞུའི་མ་ལག་འཛུགས་སྐྲུན་སྔར་ལས་འཐུས་ཚང་། འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་ལས་ཇེ་ལེགས་བཅས་སུ་སོང་བ་དང་། ལོ་སྨད་ལ། ད་ལྟ་བཀོལ་བཞིན་པའི་ལམ་ལུགས་ལག་ལེན་མཐར་ཕྱིན་བྱས་ནས། མུ་མཐུད་དུ་དབང་བོ་སྐྱོན་ཅན་ཚོགས་ཁག་ལ་ཕན་འདོགས་ཚད་ཇེ་མཐོར་གཏོང་དགོས་པ་དང་། བྱ་བའི་བྱེད་ཐབས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་དེར་བཅོས་བསྒྱུར་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་མ་ལག་གཉིས་ཀྱི་འཛུགས་སྐྲུན་སྤེལ་དགོས། ཏང་ཨུས་མགོ་ཁྲིད་པ་དང་སྲིད་གཞུང་གིས་འགན་ཁུར་བ། སྤྱི་ཚོགས་དེའི་ཁྲོད་ཞུགས་པ། དབང་བོ་སྐྱོན་ཅན་རྩ་འཛུགས་ཀྱིས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་སྒྲིག་གཞི་དང་སྒྲིག་སྲོལ་མུ་མཐུད་ནས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་། དབང་བོ་སྐྱོན་ཅན་རྩ་འཛུགས་རང་སྟེང་གི་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣན་ནས། དབང་བོ་སྐྱོན་ཅན་གྱི་ལས་དོན་ཕྱོགས་ཡོངས་ནས་གོང་འཕེལ་དུ་གཏོང་བར་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་ཁོངས་གཏོགས་སྡེ་ཁག་སོ་སོས་ཆེད་དོན་ཞིབ་བཤེར་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཆེད་དོན་ཞིབ་བཤེར་གྱི་ནང་དོན་གཙོ་བོར་རྒྱུས་ལོན་ཡང་དག་བྱེད་པ། འགན་ནུས་ལྟར་ལས་བགོ་དང་རང་འགན་རང་འཁུར་བྱེད་པ་བཅས་བྱས་ནས། གཞོགས་འདེགས་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། ཞིབ་དཔྱད་དང་གསོ་སྦྱོང་། ཞིབ་བཤེར། ནང་འཇུག དབྱེ་ཞིབ་བཅས་ཀྱི་གནད་འགག་ལྔར་དམ་འཛིན་བྱས་ཏེ། གཞི་རིམ་རྩ་འཛུགས་དང་སྤྱི་ཚོགས་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྣམ་པ་མང་པོ་བརྒྱུད་ནས་ཆེད་དོན་ཞིབ་བཤེར་བྱ་བ་དྲིལ་སྒྲོག་རྒྱ་ཆེར་བྱེད་པ། དཔལ་འབྱོར་ཐད་དཀའ་ངལ་ཆེ་བའི་དབང་བོ་སྐྱོན་ཅན་ལ་འཚམས་འདྲི་བྱེད་པའི་བྱ་བ་དང་ཟུང་འབྲེལ་བྱེད་པ་བཅས་བྱས་ནས། བྱ་བའི་ལས་འགན་སྣ་ཚོགས་དུས་ལྟར་དང་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག