མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཁྲིན་ལིས་ཧྭ་ཡིས་ཡུས་ཧྲུའུ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-18 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁྲིན་ལིས་ཧྭ་སོགས་ཡུས་ཧྲུའུ་ཁུལ་དུ་སོང་ནས་ལས་ཞུགས་ལས་འབྱེད་དང་། གསོ་སྦྱོང་། སྤྱི་ཚོགས་ཉེན་སྲུང་། ནོར་སྲིད་འགྲོ་གྲོན་གྱི་དོ་དམ་བཅས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོ་མོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ཕྱོགས་ཡོངས་ནས་གཞི་གསུམ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྲིད་འཛིན་ཆུ་ཚད་དང་བྱ་བའི་ཕན་འབྲས་མཐོར་འདེགས་བྱས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས་ཁྲིན་ལིས་ཧྭ་ཡིས་དམངས་འཚོ་དམ་འཛིན་བྱས་ན་འཕེལ་རྒྱས་དམ་འཛིན་བྱ་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་པ་དང་། ལས་ཞུགས་གསོ་སྦྱོང་བྱེད་སྟངས་གསར་སྐྲུན་བྱེད་དགོས་པ། རྩ་འཛུགས་ཀྱི་ཡོང་སྒོའི་བྱ་བ་བཟང་བོར་སྒྲུབ་དགོས་པ་བཅས་ཀྱི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག