མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་མཐོ་སློབ་ཀྱི་སློབ་མས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-08-16 12:31

    མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།དབྱར་ཟླ་འབྲིང་པོའི་དུས་ཚིགས་ནི་མཚོ་སྔོན་དུ་དུས་ཚིགས་ལེགས་ཤོས་ཡིན་པས་སྐབས་དེར་སློབ་ཆེན་སློབ་མ་ཚོས་ལོ་གཅིག་དུས་གཅིག་གི་སྤྱི་ཚོགས་ལག་ལེན་བྱེད་སྒོ་བསུས་པ་རེད།

    འདི་ལོ་མཚོ་སྔོན་སློབ་ཆེན་དང་།མཚོ་སྔོན་དགེ་འོས་སློབ་ཆེན།མཚོ་སྔོན་མི་རིགས་སློབ་ཆེན་སོགས་སློབ་གྲྭ་ཁག་གི་དང་བླངས་པས་སྡེ་ཚོགས་ཞིང་ཨུད་སོགས་ཚན་པའི་སྒྲིག་འཛུགས་འོག་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་དང་།རྨ་ལྷོ།ཡུལ་ཤུལ།མགོ་ལོགམཚོ་བྱང་སོགས་སུ་དུས་ཡུན་ཟླ་གཅིག་གི“གཤམ་སྤེལ་གསུམ”གྱི་སྤྱི་ཚོགས་ཀྱི་ལག་ལེན་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།དུས་ཡུན་ཐུང་ངུའི་ནང་ཁོང་ཚོས་འདྲི་རྟོགས་བརྟག་ཞིབ་དང་།གཅེས་སྐྱོང་བྱ་སྤྱོད།སློབ་སྐྱོར་ཞབས་ཞུ་སོགས་ཀྱི་བྱེད་སྒོ་སྤེལ་ནས་གཞིས་སྲུང་བྱིས་པ་དང་མཉམ་དུ་དབྱར་གསེང་འཚོ་བ་བསྐྱལ་བ་དང་འབྲེལ་རང་ཉིད་ཀྱི་ཆེད་ལས་ཤེས་བྱ་དང་རྩལ་ནུས་སྤྱད་དེ་གཞི་རིམ་མམ་ཡང་ན་ཐག་རིང་ས་ཁུལ་ལ་དུས་བབ་སྲིད་ཇུས་དྲིལ་བསྒྲགས་དང་།སྨན་བཅོས་ཞབས་ཞུ།རིག་རྩལ་འཁྲབ་སྟོན་སོགས་བྱས་པ་རེད།

    2014ལོའི་མཚོ་སྔོན་ཞིང་ཆེན་གྱི་མཐོ་སློབ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མའི་དང་བླངས་པའི་དབྱར་གསེང་རིག་གནས་དང་།ཚན་རྩལ།འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་དེ་སྡེ་ཚོགས་ཞིང་ཨུད་དང་།ཞིང་ཨུད་དྲིལ་བསྒྲགས་པུའུ།ཞིང་ཆེན་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་།ཞིང་ཆེན་སློབ་གསོ་ཐིང་།ཞིང་ཆེན་སློབ་གྲྭ་བའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན།བྱེད་སྒོ་དེ་ཟླ་དྲུག་པའི་ཟླ་འགོར་སྤེལ་འགོ་ཚུགས་པ་ནས་བཟུང་མཐོ་སློབ་དང་འབྲིང་རིམ་ལས་རིགས་སློབ་གྲྭ་ཁག་ཧུར་ཐག་ཞུགས་པ་དང་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས་མཐོ་སློབ་ཁག་ལ་དྲིལ་བསྒྲགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་དང་རྒྱ་ཆེའི་སློབ་མས་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོའི་ནང་ཞུགས་པའི་ཚ་རླབས་ཤིག་འཕྱུར་བ་རེད།དེའི་རིང་ཞིང་ཆེན་ཡོངས་ཀྱི་མཐོ་སློབ་8ཀྱིས་རྒྱབ་ཁབ་རིམ་པ་དང་།ཞིང་ཆེན་རིམ་པ།སློབ་གྲྭ་རིམ་པ་བཅས་ཀྱི་སྤྱི་ཚོགས་ཀྱི་ལག་ལེན་ཚོགས་པ་150ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་སློབ་གྲྭས་འདེམས་སྒྲུག་རྒྱག་པ་དང་སྡེ་ཚོགས་ཞིང་ཨུད་ཀྱིས་ཞིབ་དཔྱད་བྱས་པའི་རྨང་གཞིའི་ཐོག་ཁྱོན་རུ་ཁག་10ཡིས་རྒྱལ་ཡོངས་ཀྱི་གཙོ་གནད་རུ་ཁག་ལ་འདུན་ཞུ་བྱས་པ་དང་རུ་ཁག་17ཞིང་ཆེན་རིམ་པའི་གཙོ་གནད་རུ་ཁག་ལ་གཏན་འཁེལ་བྱས་པ་རེད།ཞིང་ཆེན་ཡོངས་ཀྱི་མཐོ་སློབ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་1500ལྷག་ཙམ་གཞི་རིམ་དུ་བསྐྱོད་དེ་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་།ཚན་རྩལ་ཞིང་སྐྱོར།སློབ་གསོའི་གཅེས་སྐྱོང་ཞབས་ཞུ།རིག་རྩལ་ཞབས་ཞུ།གཅེས་སེམས་སྨན་བཅོས་ཞབས་ཞུ།བློ་གྲོས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་བརྟག་ཞིབ་སོགས་རིགས་ཁག་གི་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་བ་རེད།

    སྡེ་ཚོགས་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧན་ཧའེ་ཧུང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས“གཤམ་སྤེལ་གསུམ”གྱི་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་ནི་རྒྱལ་ཁབ་ཀྱི་གནས་ཚུལ་ཤེས་རྟོགས་དང་སྤྱི་ཚོགས་ལ་ངོས་འཛིན་བྱེད་པ་དང་།ཏང་དང་།སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ།མི་དམངས་མང་ཚོགས་བཅས་ལ་བཅངས་པའི་བབ་ཆགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བའི་ལག་ལེན་དངོས་ཀྱི་སྟེགས་བུ་ཞིག་ཡིན།སློབ་སྐྱོར་སློབ་མ་ཚོས་སྤྱི་ཚོགས་དང་།གཞི་རིམ།མང་ཚོགས་བཅས་ཀྱི་ཁྲོད་དུ་གཏིང་ཟབ་བསྐྱོད་ཚེ་གཞི་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དེས་མི་དམངས་མང་ཚོགས་ལ་འགྱུར་ལྡོག་བྱུང་ཚུལ་རང་ངོ་མས་ཚོར་ཐུབ།དུས་མཚུངས་སློབ་མ་ཚོས་ལག་ལེན་བྱེད་སྒོ་བརྒྱུད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཤུགས་སྔར་བས་ཟབ་ཏུ་གཏོང་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་གོ་བ་ལེན་པ་དང་ངོས་འཛིན་གཅིག་མཐུན་ཡོང་ཚད་སྔར་བས་ཟབ་ཏུ་གཏོང་ཐུབ།རང་ངོ་མ་ནས་འགོ་བཙུགས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སེམས་སུ་ཟུག་པ་དང་བྱ་སྤྱོད་དུ་འགྱུར་བ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་རང་ཉིད་ཀྱི་གཞི་རྩའི་བརྩི་བྱར་གྱུར་པ་དང་སྦྲགས་ལག་ལེན་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ཡོངས་སུ་ཁྱབ་གདལ་གཏོང་དགོས་ཞེས་བཤད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག