མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བོད་རུམ་རྒྱལ་སྤྱིའི་འགྲེམས་ཚོགས་དང་དར་གོས་ལམ་བུའི་ས་གདན་འགྲེམས་སྟོན་ཚོང་འདུས་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-08-16 12:31

    ཟླ་8ཚེས་11ཉིན་རྒྱལ་ཁབ་ཚོང་དོན་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2014ལོའི་ཀྲུང་གོའི(མཚོ་སྔོན)བོད་རུམ་རྒྱལ་སྤྱིའི་འགྲེམས་ཚོགས་དང་དར་གོས་ལམ་བུའི་ས་གདན་འགྲེམས་སྟོན་ཚོང་འདུས་ཕུན་སུམ་ཚོགས་པོའི་སྒོ་ནས་མཇུག་འགྲིལ་བ་རེད།སྐབས་འདིའི་འགྲེམས་ཚོགས་ཀྱི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པ་དང་།ཁྱད་ཆོས་མངོན་གསལ་དོད་པ།བཀྲག་མདངས་འཚེར་ས་མང་བ།གྲུབ་འབྲས་གཡུར་དུ་ཟ་བ།ས་ཆ་དེ་རང་དུ་ཚོང་རྒྱག་པའི་གན་རྒྱའི་མངགས་ཐོ་དང་འདོད་མཐུན་གན་རྒྱའི་དངུལ་གྲངས་ཨ་སྒོར་དུང་ཕྱུར་1.22ཟིན་པ་དེ་སྐབས་གོང་མ་ལས་20%འཕར་བ་དང་ས་ཆ་དེ་རང་དུ་ཚོང་བརྒྱབ་པའི་དངུལ་གྲངས་ཨ་སྒོར་ཁྲི་5291ཟིན་པ་དེ་སྐབས་གོང་མ་ལས་30%འཕར་ཡོད་པ་རེད།

    སྒྲིག་འཛུགས་ཨུ་ལྷན་གྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱས་གསལ།སྐབས་འདིའི་འགྲེམས་སྟོན་གྱིས“སྤེལ་རེས་དང་།མཉམ་ལས།གསར་གཏོད།འཕེལ་རྒྱས”བཅས་བརྗོད་བྱ་གཙོ་བོར་བྱས་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་།རྒྱལ་ཁབ་ཕྱི་ནང་གི་ཚོང་པའི་མཐུན་ཚོགས།སྤུན་ཟླའི་ཞིང་ཆེན་དང་།གྲོང་ཁྱེར།རང་སྐྱོང་ལྗོངས་བཅས་ཀྱི་ཚོང་དོན་སྡེ་ཚན།འབྲེལ་ཡོད་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད།ཁྱོན་བསྡོམས་རྒྱལ་ཁབ་11གི་ཁེ་ལས་འགྲེམས་སྟོན་ནང་ཞུགས་ཡོད་པ་དང་ཕ་ཁི་སི་ཐན་དང་།དབྱི་རན།རྒྱ་གར་སོགས་འཛམ་གླིང་ཐོག་གི་ས་གདན་ཐོན་སྐྱེད་རྒྱལ་ཁབ་ཆེན་པོ་གཙོ་བོ་བདུན་འགྲེམས་སྟོན་ནང་ཞུགས་ཡོད།ཏུར་མེན་སི་ཐན་དང་།ཁེར་གྷི་སི་ཐན།ཐ་ཇིག་སི་ཐན་བཅས་ཨེ་ཤེ་ཡ་དཀྱིལ་མའི་རྒྱལ་ཁབ་3འགྲེམས་སྟོན་ནང་ཞུགས་ཐེངས་དང་པོ་ཡིན་པ་རེད།འཇར་མན་དང་སུའེ་ཏེན་སོགས་རྒྱལ་ཁབ་ཀྱི་ཆེད་ལས་ཉོ་སྒྲུབ་ཚོང་པ་10ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་ཡོད་པ་རེད།རྒྱལ་ནང་གི་ཧྲན་ཏུང་དང་།བོད་ལྗོངས།ཤིན་ཅང་།ཀན་སུའུ།ཅང་སུའུ།ཧོ་པེ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)14ཡི་ཁེ་ལས་330འགྲེམས་ཚོགས་ནང་ཞུགས་པ་དང་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་14འགྲེམས་ཚོགས་ནང་ཞུགས་ཡོད།འགྲེམས་ཚོགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་།དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།འགྲེམས་སྟོན་ནང་ཞུགས་པའི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པའི་ཁྱད་ཆོས་མངོན་གསལ་དོད་པོ་ཐོན་ཡོད།

    དུས་མཚུངས་སུ་སྐབས་འདིའི་འགྲེམས་ཚོགས་ཐོག་གྲོན་ཆུང་བསྲི་ཚགས་སྒོ་ནས་འགྲེམས་སྟོན་གཉེར་བ་དང་།སྒྱུར་བཅོས་གསར་གཏོད་བྱེད་པ།སྒོ་དབྱེའི་ཁྱད་ཆོས་མངོན་གསལ་དོད་པ།མང་ཚོགས་ཞུགས་རྒྱུར་སྣང་ཆེན་བྱེད་པ་བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་གང་ལེགས་མཚོན་པ་དེ་ནི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་།སྒོ་དབྱེ་རྒྱ་ཆེ་ཤོས།སྒྲིག་འཛུགས་ཅན་གྱི་ཆུ་ཚད་ལེགས་ཤོས་བཅས་ཀྱི་འགྲེམས་ཚོགས་ཤིག་ཡིན་ལ་མཚོ་སྔོན་ཞིང་ཆེན་འདི་ཉིད་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ནང་ཞུགས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག