མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གིས་སྒོར་དུང་ཕྱུར་དགུ་བཏང་ནས་འཐུས་སྒོ་ཚང་ཞིང་ཡིད་དུ་འོང་བའི་མཁར་གྲོང་གསར་བ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-16 12:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཐུན་ཏེ་རྫོང་གིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལག་བསྟར་བྱས་པ་ནས་བཟུང་དམིགས་བསལ་ལོ་གསུམ་གྱི་དབུལ་སྐྱོར་འཆར་གཞི་ཉེན་ཁ་ཆེན་པོར་འཕྲད་པར་རྐྱེན་བྱས་ནས་སྲོལ་རྒྱུན་རྗེས་ལུས་ཀྱི་བསམ་བློའི་བྱེད་ཐབས་རྒྱང་དུ་དོར་ནས་མི་འགྱང་པར་གཅིག་གྱུར་གྱིས་མཁར་གྲོང་གསར་བ་འཛུགས་སྐྲུན་དར་སྤེལ་བཏང་ནས་གཞི་གཅིག་ཅན་དང་མཁར་གྲོང་ཅན་འཛུགས་སྐྲུན་དར་སྤེལ་གྲྭ་སྒྲིག་བྱས་ནས་འཐུས་སྒོ་ཚང་ལ་གཞི་རྒྱ་ཆེ་བའི་སྡོད་གནས་དང་། འགྲིམ་འགྲུལ། ས་ཞིང་ཐོན་ཁུངས་བཅས་ས་ཚིགས་ཆེན་པོ་གསུམ་ལ་མ་རྩ་སྒོར་དུང་ཕྱུར་དགུ་དང་བྱེ་བ་བཞི་བཏང་ནས་ལས་གཞི་གལ་ཆེན་གསུམ་དངོས་འབེབས་བྱས་ཏེ། ཕྱོགས་ཡོངས་ནས་ནུས་ཁུངས་ཆ་ཚང་ཞིང་། ཕྱི་ཚུལ་གྲལ་དག་པ། ཁོར་ཡུག་ཡིད་དུ་འོང་བ། མི་རིགས་ཁྱད་ཆོས་ཀྱི་ཀུན་ནས་ཕྱུག་པའི་གནས་གཞི་ལེགས་པོ་ཞིག་འཛུགས་སྐྲུན་བྱེད་རྒྱུ་རེད།

འཛུགས་སྐྲུན་འཆར་གཞི་ལྟར་ན། མཁར་གྲོང་གསར་བའི་ལས་གཞིའི་འཆར་འགོད་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་གོ་བདུན་ལྷག་ཡོད་ལ། མཁར་གྲོང་འདིར་ཚོང་ལས་དང་། དངུལ་ལོར། ཆབ་སྲིད། རིག་གནས། རོལ་རྩེད་སོགས་གྲོང་སྲིད་ཞབས་ཞུ་གཞི་གཅིག་ཅན་གྱི་རྣམ་པ་འདུས་ཡོད་ལ། སྡོད་དམངས་ཁྲི་གཅིག་དང་སྟོང་བདུན་ཤོང་ཐུབ། ཉིས་སྟོང་བཅུ་གཅིག་ལོ་ནས་རྫོང་གི་མཁར་གྲོང་གསར་བ་འཛུགས་སྐྲུན་བྱས་པ་ནས་བཟུང་། མ་རྩ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་དགུ་ས་ཡ་བཞི་བཏང་ནས་གཙོ་བོ་ཚོང་ལས་ཐོག་ཁང་དང་། འགྲིམ་འགྲུམ། རིག་གནས་འཕྲོད་བསྟེན། ཆུ་ལམ་བཟོ་སྐྲུན། གློག་ཤུགས་གློག་འཕྲིན། མེ་འགོག་ཆུ་འགོག ལྗང་མདོག་ལྗོངས་ཁུལ། ཁོར་ཡུག་སྲུང་སྐྱོབ་སོགས་ལས་གཞི་བཅུ་དགུ་དངོས་འབེབས་ལག་བསྟར་བྱས། དེའི་ཁྲོད། མ་རྩ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བདུན་ས་ཡ་བརྒྱད་བཏང་ནས་མཁར་གྲོང་འགན་སྲུང་ཁང་བ་དང་། གྲོང་སྡེའི་དབུལ་སྐྱོར་ཁྲོམ་ར། བྱིས་སྐྱོང་ཁང་། དབང་བོ་སྐྱོན་ཅན་གཉོར་སྐྱོང་བྱེད་ས་སོགས་བསྡོམས་པས་ལས་གཞིའི་བཟོ་སྐྲུན་བཅུ་བཞི་ཡོངས་འགྲུབ་བྱས་ལ། མ་རྩ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་བཏང་ནས་འབའ་ཆུའི་ཟམ་ཆེན་དང་། ཆུ་གློག་འཛུགས་སྐྲུན། རིག་གནས་ཁང་། སློབ་གྲྭ། སྨན་ཁང་སོགས་ལས་གཞི་དྲུག་གི་བཟོ་སྐྲུན་ལག་བསྟར་བྱེད་བཞིན་པའི་སྒང་ཡིན།

ལས་གཞིའི་འཆར་འགོད་ལྟར་ན། ཉིས་སྟོང་བཅོ་ལྔ་ལོ་ནས་བཟུང་། མི་འགྱང་པར་མ་རྩ་སྒོར་དུང་ཕྱིར་གཉིས་དང་བྱེ་བ་གཅིག་བཏང་ནས་རྫོང་རི་རིག་གནས་དངོས་མང་བཤམས་སྟོན་ཁང་། གྲོང་སྲིད་ལས་གཉེར་ཁང་། འབར་རླངས་སོགས་སྤྱི་བའི་ཞབས་ཞུའི་ལས་གཞི་བཅུ་གསུམ་བཟོ་སྐྲུན་བྱས་ནས་སྡོད་དམངས་ཀྱི་ཁོར་ཡུག་ལེགས་པོར་བསྐྲུན་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་མཁར་གྲོང་ཆུང་ཆུང་ཞིག་འཛུགས་སྐྲུན་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག