མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ལས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་ཕྱུགས་ནད་རིག་པའི་ལག་རྩལ་མི་སྣར་གསོ་སྦྱོང་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-16 12:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་དང་། ཞིང་ལས་པུའུ་ཀྲུང་གོ་ཕྱུགས་སྨན་མཐུན་ཚོགས་གཉིས་ཀྱིས་པའོ་ལིན་ཀི་ཡིན་ཀི་ཧྭན་རྒྱལ་སྤྱི་ཉོ་ཚོང་ཧྲང་ཧེ་ཚད་ཡོད་ཀུང་ཟི་དང་མཉམ་འབྲེལ་བྱས་ནས་བསྒྲུབས་པའི2014ལོའི་མཚོ་སྔོན་ཞིང་ཆེན་གཞི་རིམ་ཕྱུགས་ནད་སྨན་པའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་བརྒྱད་དང་རྫོང་སུམ་ཅུ་ནས་ཡོང་བའི་གཞི་རིམ་ཕྱུགས་ནད་སྨན་པ་ཉིས་བརྒྱ་ལྷག་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་པའི་དམིགས་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་ཕྱུགས་ནད་སྨན་པའི་བྱ་བའི་ནུས་པ་དང་། ལས་སྒོའི་བྱང་ཚད། ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱེད་པ་དང་། བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་སྡེ་ཞིག་སྐྱེད་སྲིང་བྱས་ནས། མགོ་ཁུངས་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་བདེ་འཇགས་དང་མཐོ་སྒང་གི་དེང་རབས་ཞིང་ལས་རྒྱུན་མཐུད་ནས་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གསོ་སྦྱོང་ནི་ཀྲུང་དབྱང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་བཀོད་སྒྲིག་ཆེན་མོའི་རེ་བ་ལག་བསྟར་བྱས་ཏེ། མཚོ་སྔོན་བོད་ཁུལ་གྱི་ཤེས་ལྡན་མི་སྣའི་དཔུང་སྡེའི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། པའོ་ལིན་ཀི་ཡིན་ཀི་ཧྭན་རྒྱལ་སྤྱིའི་ཉོ་ཚོང་ཧྲང་ཧེ་ཚད་ཡོད་ཀུང་ཟིས་མ་དངུལ་བཏང་ནས། ནུབ་བྱང་ས་ཁུལ་གྱི་གཞི་རིམ་ལ་ཁ་གཏད་ནས་བསྒྲུབས་པའི་སྤྱི་ཕན་རང་བཞིན་གྱི་གསོ་སྦྱོང་ཐེངས་དང་པོ་ཡིན་ལ། གསོ་སྦྱོང་ཁྲོད་མཚོ་སྔོན་གྱི་རོང་འབྲོག་ཁུལ་གྱི་གནས་ཚུལ་དངོས་ལ་ཁ་གཏད་དེ། སྨན་སྤྱོད་བདེ་འཇགས་དང་ནོར་ལུག་གི་ནད་ཡམས་འགོག་བཅོས། སྒོ་ཟོག་གི་འབུ་ནད་འགོག་བཅོས་དང་ཚོད་འཛིན། སྤྱི་བའི་འཕྲོད་བསྟེན་བདེ་འཇགས་སོགས་སྲོག་ཆགས་ཀྱི་ནད་ཡམས་འགོག་བཅོས་དང་ཚོད་འཛིན་བྱེད་པ་བཅས་ཀྱི་ཐད་ནས་སློབ་ཁྲིད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག