མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མ་ཧྲོན་ཆིན་སོགས་ཀྱིས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་ཞི་བདེ་དང་དར་སྤེལ་བཟོ་སྐྲུན་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-16 12:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་མ་ཧྲོན་ཆིན་གྱིས་ཁྲིད་པའི་རྟོག་ཞིབ་ཚན་ཁག་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་སོང་ནས་སི་ཁྲོན་དང་ཀན་སུའུ་ཡི་འབྲེལ་མཚམས་ས་ཁུལ་གྱི་ཞི་བདེ་དང་དར་སྤེལ་བཟོ་སྐྲུན་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཁག་སྔ་གཞུག་ཏུ་གཅན་ཚ་དང་ཐུན་རིན་རྫོང་གཉིས་ལ་སོང་སྟེ་རྨ་ཆུའི་འགྲམ་རྒྱུད་དུ་ཡོད་པའི་གྲོང་རྡལ་གསུམ་གྱི་ཆུ་འདོན་བཟོ་སྐྲུན་དང་ཁམས་ར་མཛེས་ལྗོངས་གྲོང་རྡལ། རེབ་གོང་རིག་གནས་ཐོན་ལས་གླིང་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྟོག་ཞིབ་བྱས་ཤིང་། ཁུལ་དང་རྫོང་གི་འབྲེལ་ཡོད་འགན་ཁུར་པ་དང་མཉམ་དུ་བཞུགས་མོལ་བྱས་ཏེ་ཡར་ཞུ་ལ་ཉན་པ་དང་བཏོན་པའི་བསམ་འཆར་ལ་ཞིབ་འཇུག་བྱས་ནས་རྗེས་ཕྱོགས་ཀྱི་བྱ་བའི་རེ་བ་གསལ་བོར་བསྟན།

མ་ཧྲོན་ཆིན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་མཚོ་སྔོན་དང་སི་ཁྲོན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་བརྟན་འཇགས་དང་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱས་ཏེ། ས་ཁུལ་དེ་དག་གི་ཞི་བདེ་དང་དར་སྤེལ་བཟོ་སྐྲུན་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར་གཏན་འཁེལ་བྱས་པ་དང་། དམིགས་འབེན་དང་ལས་འགན། སྲིད་ཇུས་དང་བྱེད་ཐབས་བཅས་གཏན་ཁེལ་གསལ་བོ་བྱས་ཡོད་པས། རྨ་ལྷོ་ཁུལ་གྱི་འཕེལ་རྒྱས་ཐད་ལ་ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་བསྐྲུན་ཡོད། རྨ་ལྷོ་ཁུལ་གྱིས་གོ་སྐབས་དེ་དམ་འཛིན་བྱས་ཏེ། གོ་སྐབས་སྒུལ་ཤུགས་སུ་བསྒྱུར་དགོས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཞི་བདེ་དང་དར་སྤེལ་བཟོ་སྐྲུན་གྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག