མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་གསོ་བ་རིག་པའི་འཕྲལ་བཅོས་རིག་གཞུང་ཚོགས་ཆེན་ཐེངས་བཅུ་བདུན་པ་མཚོ་སྔོན་ཞིང་ཆེན་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-16 12:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་ཧྭ་གསོ་རིག་ཚོགས་པ་དང་གསོ་རིག་འཕྲལ་བཅོས་ཡན་ལག་ཚོགས་པ་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་གསོ་བ་རིག་པའི་འཕྲལ་བཅོས་རིག་གཞུང་ཚོགས་ཆེན་ཐེངས་བཅུ་བདུན་པ་དེ་མཚོ་སྔོན་ཞིང་ཆེན་གསོ་རིག་ཚོགས་པ་དང་ཞིང་ཆེན་མི་དམངས་སྨན་ཁང་། ཞིང་ཆེན་མྱུར་སྐྱོབ་ལྟེ་གནས་བཅས་ཀྱི་འགན་སྒྲུབ་འོག་ཏུ། མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་བསྡུས། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཕེབས་པའི་འཕྲལ་བཅོས་གསོ་རིག་ཆེད་མཁས་པ་ཆིག་སྟོང་ལྷག་ཟི་ལིང་གྲོང་ཁྱེར་དུ་འཛོམས་ནས། རང་རྒྱལ་གྱི་འཕྲལ་བཅོས་གསོ་རིག་གི་མ་འོངས་འཕེལ་རྒྱས་དང་མདུན་ལམ་ལ་མཉམ་དུ་ཞིབ་འཇུག་དང་གྲོས་བསྡུར་བྱས།

ཚོགས་ཐོག་ནས་འཐུས་ཚབ་པ་རྣམས་ཀྱིས་བསམ་བློ་བརྗེ་རེས་དང་ཆེད་དོན་གཏམ་གླེང་། ངག་ཐོག་སྙན་ཞུ། ཡིག་ཐོག་ནས་བསམ་ཚུལ་བརྗེ་རེས་སོགས་ཀྱི་རྣམ་པ་བརྒྱུད་དེ། ལོ་གཅིག་རིང་འཕྲལ་བཅོས་གསོ་རིག་ཕྱོགས་ནས་བླངས་པའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དང་། འཇོན་ཐང་མི་སྣ་གསོ་སྐྱོང་། འཕྲལ་བཅོས་བྱེད་ཐབས་ཀྱི་ཉམས་མྱོང་བསྡུ་ལེན་བཅས་བྱས་ཏེ། རང་རྒྱལ་གྱི་འཕྲལ་བཅོས་གསོ་རིག་བྱ་བའི་འཕེལ་རྒྱས་ལ་བྱས་རྗེས་གསར་བ་འཇོག་པར་ཡར་སྐུལ་བྱས། ཚོགས་འདུའི་སྟེང་བསམ་བློ་བརྗེ་རེས་ཀྱི་ནང་དོན་ཆེ་ལ་ཁྱབ་རྒྱ་ཡངས་པས། རྒྱལ་ཡོངས་ཀྱི་འཕྲལ་བཅོས་གསོ་རིག་བྱ་བ་ཕན་འབྲས་ལྡན་པའི་ངང་སྤེལ་བར་རྨང་གཞི་བརྟན་པོ་བཏིངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག