མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚའོ་ཝུན་ཧུའུ་ཡིས་ཁྲིད་པའི་ལྟ་རྟོག་གཞུང་སྒྲུབ་ཚན་ཁག་གིས་ཟི་ལིང་གྲོང་ཁྱེར་གྱི་ཚོད་སླེ་འཛུགས་སྐྲུན་ཤུགས་ཚད་ཇེ་ཆེར་གཏོང་བ་དང་དངོས་གོང་བརྟན་འཇགས་སུ་གཏོང་བའི་སྐོར་གྱི་གྲོས་གཞི་ལ་ལྟ་རྟོག་ལས་སྒྲུབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-16 12:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ཝུན་ཧུའུ་ཚན་གཙོ་ཡིན་པའི་འཐུས་མིའི་གྲོས་གཞིའི་ལྟ་རྟོག་གཞུང་སྒྲུབ་ཚན་ཁག་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ་ཟི་ལིང་འཐུས་ཚབ་ཚོགས་པའི་སུང་ཁྲིན་ཞི་དང་མོ་ཞུའུ་ཧོང་སོགས་འཐུས་མིས་བཏོན་པའི་ཚོད་སླེ་འཛུགས་སྐྲུན་ཤུགས་ཚད་ཇེ་ཆེར་གཏོང་བ་དང་དངོས་གོང་བརྟན་འཇགས་སུ་གཏོང་བའི་སྐོར་གྱི་གྲོས་གཞི་ལ་ལྟ་རྟོག་ལས་སྒྲུབ་བྱས།

ཚའོ་ཝུན་ཧུའུ་ཡིས་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས་བཤད་རྒྱུར། ཟི་ལིང་གྲོང་ཁྱེར་དུ་མི་གྲངས་འདུས་སྡོད་བྱས་པ་མང་ཞིང་སྔོ་ཚོད་མཁོ་འདོན་གྱི་དུས་ཚིགས་རང་བཞིན་དང་གྲུབ་ཚུལ་རང་བཞིན་བར་གྱི་འགལ་བ་འབུར་ཐོན་ཡིན་པ་དང་དངོས་གོང་བརྟན་འཇགས་སུ་གཏོང་བའི་ལས་འགན་ཧ་ཅང་ལྗིད་པས། ལས་ཁུངས་སོ་སོས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་བྱ་བའི་འགན་འཁྲིའི་བསམ་པ་དང་རང་རྟོགས་བསམ་པ་ཇེ་དྲག་ཏུ་གཏོང་དགོས་ལ། དོན་སྒྲུབ་བྱ་བར་གཙིགས་འཛིན་དང་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས། མཐུན་སྦྱོར་དང་གཞོགས་འདེགས་བྱ་བར་ཤུགས་བསྣན་ཏེ་མཚོ་སྔོན་གྱི་སྐོར་ཐེངས་དང་པོའི་ཚོད་སླེ་བཟོ་སྐྲུན་འཛུགས་སྐྲུན་གྱི་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་ཚོད་སླེ་འཛུགས་སྐྲུན་མ་དངུལ་དང་སྲིད་ཇུས་ཐད་ལ་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་ཟེར།

ལྟ་རྟོག་གཞུང་སྒྲུབ་ཚན་ཁག་ད་དུང་ཟི་ལིང་གྲོང་ཁྱེར་གྱི་ཏ་ཐུང་རྫོང་དང་ཧོང་ཀྲུང་རྫོང་། མཚོ་ཤར་གྲོང་ཁྱེར་གྱི་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དང་ཧྭ་ལུང་ཧོས་རིགས་རང་སྐྱོང་རྫོང་གི་ཞང་དང་གྲོང་རྡལ་སོགས་ལ་སོང་ནས་སྔོ་ཚོད་ཐོན་སྐྱེད་གནས་ཚུལ་དང་དེང་རབས་ཞིང་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག