མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་བཟོ་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པའི་ཡུལ་དངོས་སྐུལ་སློང་ཚོགས་འདུ་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-15 10:15

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་བཟོ་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པའི་ཡུལ་དངོས་སྐུལ་སློང་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྡུལ་ཕྲན་མཁར་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་སློབ་གསོ་དཔེ་སྟོན་རྟེན་གཞི་ནས་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་ཆི་ཅན་ཧྥུན་དང་རྒྱལ་ཡོངས་རྒན་བཀུར་གཉེན་གཅེས་ཀུན་སྤྱོད་དཔེ་ལེགས་ཅན་ཀྲང་ཀོས་ལན། མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་བྱ་བ་སྒྲུབ་མཁན་རིན་ཆེན། མཚོ་བྱང་ཁུལ་གྱི་ངལ་རྩོལ་དཔེ་ལེགས་ཅན་བཙུན་མཁར་བཅས་སྔོན་ཐོན་དཔེ་ལེགས་མི་སྣའི་འཐུས་མི་བཞི་ཡིས་རང་འགན་ལས་གནས་དང་དམིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པའི་ཐད་ནས་ཉམས་མྱོང་བརྗེ་རེས་དང་གཏམ་བཤད་སྤེལ། མཚོ་བྱང་ཁུལ་སྤྱིའི་བཟོ་ཚོགས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པའི་ཐད་ཀྱི་ཉམས་མྱོང་བྱེད་ཐབས་མཚམས་སྦྱོར་བྱས། ཚོགས་ཞུགས་མི་སྣ་ཚོས་ད་དུང་རྡུལ་ཕྲན་མཁར་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་སློབ་གསོ་དཔེ་སྟོན་རྟེན་གཞི་ལ་ལྟ་སྐོར་དང་འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་དགོངས་དོན་རྗེས་དྲན་བྱས་པ་མ་ཟད་སློབ་གསོའི་རང་བཞིན་ལྡན་པའི་གླུ་བྲོ་ཟློས་གར་ལ་བལྟས།

ཚོགས་ཞུགས་མི་སྣ་ཚོས་མཐའ་གཅིག་ཏུ། ཡུལ་དངོས་སྐུལ་སློང་ཚོགས་འདུ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སློབ་གསོ་དང་ལེན་བྱེད་པའི་བརྒྱུད་རིམ་ཞིག་དང་། གུང་ཁྲན་ཏང་ཡོན་གྱིས་ཏང་གཤིས་སློབ་གསོ་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་ཀྱི་སློབ་གསོ་དང་ལེན་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པའི་སྔོན་ཐོན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་འཛིན་པ་དང་། རྒྱ་ཆེའི་ལས་བཟོ་བར་མཐུན་སྒྲིལ་དང་སྐུལ་སློང་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སྣེ་ཁྲིད་མཁན་དང་ལག་བསྟར་མཁན། སྐུལ་འདེད་པ་བཅས་བྱེད་པར་བརྩོན་ལེན་བྱས་ཏེ། འཐབ་ཇུས་ལས་འགན་སྒྲུབ་པར་འབད་བརྩོན་ལྷོད་མེད་བྱེད་པའི་གོ་རིམ་ཁྲོད་མཐོ་སྒང་བཟོ་བའི་བྱས་རྗེས་གསར་བ་བསྐྲུན་རྒྱུའི་ཚུལ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག