མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་དམངས་ཆེན་བཅོས་བསྒྱུར་འཕེལ་རིམ་གནས་ཚུལ་གྱི་ཡར་ཞུ་ལ་ཉན།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-15 10:15

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་དམངས་འཐུས་ཚོགས་ཆེན་བཅོས་བསྒྱུར་འཕེལ་རིམ་གནས་ཚུལ་གྱི་ཡར་ཞུ་ལ་ཉན་པ་དང་། གོ་རིམ་རྗེས་མའི་བཅོས་བསྒྱུར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་། ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཧྲིན་ཧི། ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་རིན་གཞོན་པ་མཱ་ཝེ་བཅས་གྲོས་ཚོགས་ལ་ཞུགས། ཀྲུའུ་རིན་གཞོན་པ་དབང་མོ་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚོགས་ཐོག་ནས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་། དམངས་འཐུས་ཚོགས་ཆེན་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་། ལྟ་སྐུལ་གཞུང་སྒྲུབ་ཁང་བཅས་ཀྱིས་དམངས་འཐུས་ཚོགས་ཆེན་བཅོས་བསྒྱུར་བྱ་བའི་འཕེལ་རིམ་གནས་ཚུལ་གྱི་ཡར་ཞུ་ལ་ཉན་རྗེས། མགོ་ཁྲིད་ལས་ཁུངས་སོ་སོས་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་མགོ་ཁྲིད་ཚན་ཆུང་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་བཅོས་བསྒྱུར་ཐད་ཀྱི་བཀོད་སྒྲིག་དང་རེ་བ་ལག་ལེན་མཐར་ཕྱིན་བྱས་ནས། བརྟན་བརླིང་དང་ཞིབ་ཕྲའི་ངང་བྱ་བ་མང་པོ་བསྒྲུབས་པས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་བཅོས་བསྒྱུར་བྱ་བ་སྣ་ཚོགས་གོ་རིམ་ཡོད་པ་དང་བདེ་བླག་ངང་སྤེལ་བཞིན་པར་འདོད།

མུའུ་ཏུང་ཧྲིན་གྱིས་སློབ་སྦྱོང་གཏིང་ཟབ་དང་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བའི་སྟེང་ཤུགས་འདོན་པ་དང་། རྟོག་ཞིབ་ཟབ་མོ་དང་གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་པའི་སྟེང་ཤུགས་འདོན་པ། གོང་འོག་མཉམ་འབྲེལ་དང་མཉམ་ཤུགས་གྲུབ་པའི་སྟེང་ཤུགས་འདོན་པ། དངོས་གཉེར་དམ་འཛིན་དང་འགན་འཁྲི་ཇེ་དྲག་ཏུ་གཏོང་བའི་སྟེང་ཤུགས་འདོན་པ། སྔོན་ལ་འཆར་འགོད་དང་སྤྱི་ཁོག་ནས་བཅོས་བསྒྱུར་བྱེད་པའི་སྟེང་ཤུགས་འདོན་པ་བཅས་བྱེད་དགོས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཐབས་ཇུས་ལ་རྒྱུས་ལོན་ཡང་དག་བྱས་ཏེ། དམངས་འཐུས་ཚོགས་ཆེན་གྱི་བཅོས་བསྒྱུར་དང་ཞིང་ཆེན་ཡོངས་ཀྱི་སྤྱིའི་བཅོས་བསྒྱུར་གཉིས་མཐུན་སྦྱོར་གཅིག་གྱུར་ཡོང་བར་བྱེད་དགོས་ལ། མཚོ་སྔོན་ཞིང་ཆེན་གྱི་དམངས་འཐུས་ཚོགས་ཆེན་འཁོར་རྒྱུག་ཁྲོད་ཀྱི་ལག་ལེན་གནད་དོན་ཆེན་པོའི་ཐད་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། མུ་མཐུད་དུ་འགན་སྒྲུབ་བྱེད་སྟངས་ལ་གསར་སྐྲུན་དང་འགན་སྒྲུབ་ཀྱི་ཕན་འབྲས་ཇེ་མཐོར་བཏང་ནས། དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་། གྲོང་ཁྱེར་དང་ཁུལ་དང་རྫོང་གི་མི་དམངས་འཐུས་མི་ཚོགས་ཆེན་དང་། སྲིད་གཞུང་དང་ཞིབ་དཔྱོད་ཁང་དང་ཁྲིམས་ཁང་། འབྲེལ་ཡོད་འགན་ནུས་སྡེ་ཁག་བཅས་བར་གྱི་འབྲེལ་བར་ཤུགས་བསྣན་ནས། གོང་འོག་གཉིས་ཀྱིས་མཉམ་དུ་གཞོགས་འདེགས་བྱེད་པ་དང་ཕན་ཚུན་བར་ཆ་འཕྲིན་བརྗེ་རེས་བྱེད་པར་འགན་སྲུང་བྱེད་པ་དང་། བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ཏེ། མཐུན་སྦྱོར་ངང་བཅོས་བསྒྱུར་བྱ་བ་སྤེལ་བར་སྐུལ་འདེད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཧྲིན་ཧི་དང་མཱ་ཝེ་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་བཅོས་བསྒྱུར་སྤེལ་བའི་ཐད་ལ་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག