མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་པོའི་ཚན་གཙོ་ལིག་ཞའོ་སོགས་ཟི་ལིང་གྲོང་ཁྱེར་ཀྱི་ས་གནས་སོ་སོར་སོང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུར་མཛུབ་སྟོན་བྱས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-15 10:14

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་དྲུག་ནས་ཚེས་བཅུ་གཉིས་ཉིན་བར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་པོའི་ཚན་གཙོ་ལིག་ཞའོ་སོགས་ཟི་ལིང་གྲོང་ཁྱེར་ཀྱི་ས་གནས་སོ་སོར་སོང་ནས། ཞང་དང་གྲོང་རྡལ་དང་སྡེ་བ། སྡོད་ཁུལ་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་མཛུབ་སྟོན་བྱས།

ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་པོ་སྔ་གཞུག་ཏུ་ཞོ་ཆོ་སྲང་ལམ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་དང་། ཏ་ཐུང་རྫོང་ཐར་གྲོང་རྡལ་ཏང་ཨུ། ཧོང་ཀྲུང་རྫོང་ལིས་ཅ་རི་བོའི་གྲོང་རྡལ་ཏུང་ཅ་ཝན་སྡེ་བའི་ཏང་ཀྲི་པུའུ་ཡི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས།

ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་བལྟས་ན། ཟི་ལིང་གྲོང་ཁྱེར་གྱི་ས་གནས་སོ་སོ་དང་རིམ་པ་སོ་སོའི་རྩ་འཛུགས་འཚོ་བའི་ཚོགས་འདུའི“སྲོལ་ངན་བཞིར”སྐྱོན་བརྗོད་བྱས་ནས། རང་སྐྱོན་རང་སེལ་བྱེད་པ་དང་། རང་སྐྱོན་ཡོ་བསྲང་བྱེད་པའི་འདུ་ཤེས་བཅངས་ནས། ནན་ཏན་དང་གཟབ་ནན་བཅས་ཀྱི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་བསྡུ་དགོས་པ་དང་། མང་ཚོགས་ཡིད་ཚིམ་དུ་འཇུག་པའི་བྱ་བ་དེ་བྱ་འགུལ་གྱི་གྲུབ་འབྲས་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་རྩ་བའི་ཚད་གཞིར་བརྩིས་ནས། མང་ཚོགས་ཀྱིས་ཡར་ཞུ་ཞུས་པའི་གནད་དོན་ལ་མྱུར་དུ་རྩད་བཅད་པ་དང་དངོས་འབེབས་དམ་འཛིན་བྱེད་དགོས་སྙམ།

ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཞིང་སྡེ་དང་སྡོད་ཁུལ་ཏང་རྩ་འཛུགས་ནི་ང་ཚོང་ཏང་རྩ་འཛུགས་ཀྱི་མ་ལག་ཅིག་ཡིན་པས། མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱས་ནས། ཁོངས་མི་རེ་རེས་རང་ཉིད་ཀྱི་བྱ་བའི་རྣམ་འགྱུར་ལྟར། ནན་ཏན་སྒོས་དག་ཐེར་བཅོས་སྐྱོང་བྱ་བ་བཟང་བོར་སྒྲུབ་སྟེ་དོན་དངོས་ཀྱི་ཕན་འབྲས་ལེན་དགོས་པ་དང་། རང་ཉིད་ཀྱི་དོན་དངོས་བྱ་སྤྱོད་ཐད་ནས་མང་ཚོགས་ཡིད་ཆེས་སུ་བཅུག་ནས། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་འབྲེལ་མཐུད་བྱ་བར་མཐས་མཇུག་གི་གྲུབ་འབྲས་ལེན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག