མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཆི་ལེན་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་དཔྱད་འཇོག་ཚོགས་འདུ་བསྡུས།

རྩོམ་པ་པོ། རྡོ་རྗེ་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-15 10:10

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་དཔྱད་འཇོག་ཚོགས་འདུ་བསྡུས།

ཉིས་སྟོང་བཅུ་གསུམ་ལོའི་ཟླ་བརྒྱད་པར་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་འཛུགས་སྐྲུན་བྱས་པ་ནས་བཟུང་། རྫོང་ཡོངས་ཀྱིས་དྲིལ་སྒྲོག་བྱ་བར་ཤུགས་བསྣན་པ་དང་། བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད་གྲུབ་འབྲས་མི་དམན་པ་བླངས་ཡོད་དེ། མིག་སྔའི་བར་དུ་རྫོང་ཡོངས་སུ་རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་བྱ་བར་ཞིབ་བཤེར་རྩིས་ལེན་ཐོབ་པའི་གྲོང་རྡལ་བདུན་ཡོད་ལ། གྲོང་རྡལ་ཡོངས་ཀྱི་ཞིབ་བཤེར་རྩིས་ལེན་བྱེད་ཚད་བརྒྱ་ཆའི་བརྒྱ་ལ་ཐོན་ཡོད་པ་དང་། རྫོང་ཡོངས་ཀྱི་སྡེ་བ་བཞི་བཅུ་ཞེ་དྲུག་རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་བྱ་བའི་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞིར་ཐོན་ཡོད་ལ། ཞིབ་བཤེར་རྩིས་ལེན་བྱེད་ཚད་བརྒྱ་ཆའི་དགུ་བཅུ་གོ་ལྔ་ལྷག་ཏུ་ཐོན་ཡོད། གཞན་ཡང་ལས་ཁུངས་སུམ་ཅུ་སོ་གསུམ་མི་རིགས་མཐུན་སྒྲིལ་བྱ་བར་ཞིབ་བཤེར་རྩིས་ལེན་ཐོབ་ཡོད་ལ། རྩིས་ལེན་བྱེད་ཚད་བརྒྱ་ཆའི་བརྒྱད་ཅུ་གྱ་དྲུག་ལྷག་ཏུ་ཐོན་ཡོད་པ་སོགས་ལས་ཁུངས་དང་སློབ་གྲྭ། དགོན་སྡེ་དང་གྲོང་རྡལ་མང་པོ་རྫོང་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་ཞིབ་བཤེར་ཚད་གཞིར་ཐོན་ནས་ཞིབ་བཤེར་རྩིས་ལེན་བྱས་ཡོད། འདི་དག་གི་ཁྲོད་དུ་ཆི་ལེན་རྫོང་མུ་རུ་གྲོང་རྡལ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི«མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་འཛུགས་བྱ་བའི་དཔེ་ལེགས་ཚོགས་སྤྱི»ཞེས་པའི་མཚན་སྙན་ཐོབ་ཡོད་ལ། འབྲོང་ལུང་ཞང་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་སྔོན་ཐོན་དཔེ་སྟོན་གྲོང་རྡལ་དུ་ཡིག་ཐོག་སྙན་ཞུ་འབུལ་བཞིན་ཡོད།

འདིའི་རྗེས་སུ་ཆི་ལེན་རྫོང་གིས་མུ་མཐུད་དུ་ནུས་ཤུགས་གང་ཡོད་སྒོས་མི་རིགས་མཐུན་སྒྲིལ་བྱ་བར་ཤུགས་སྣོན་པ་དང་། མང་ཚོགས་ལམ་ཕྱོགས་སློབ་གསོ་རྨང་གཞིར་བཟུང་ནས་བྱ་བ་ཀུན་གྱི་ཐད་དུ་ཧུར་བརྩོན་འབད་འབུངས་བྱེད་རྒྱུ་ཡིན་ལ། ཉིས་སྟོང་བཅོ་ལྔ་ལོའི་བར་དུ་མི་རིགས་མཐུན་སྒྲིལ་དཔེ་སྟོན་རྫོང་གསར་འཛུགས་བྱ་བ་རྒྱལ་ཁབ་རིམ་པའི་ཚད་གཞིར་ཐོན་ནས་ཞིབ་བཤེར་རྩིས་ལེན་བྱེད་ཐུབ་པར་ཁག་ཐེག་བྱེད་རྒྱུ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག