མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་གི་སློབ་མའི་ལས་ཞུགས་གནས་ཚུལ་མངོན་གསལ་གྱིས་ལེགས་བཅོས་བྱུང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-15 10:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་སྔོན་མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ལས་ཞུགས་བྱེད་ཐབས་སྣ་ཚོགས་ལ་སྐུལ་འདེད་བཏང་བ་བརྒྱུད། མཚོ་སྔོན་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་གི་སློབ་མའི་ལས་ཞུགས་གནས་ཚུལ་མངོན་གསལ་གྱིས་ལེགས་བཅོས་བྱུང་ཡོད། ཆེས་གསར་བའི་བསྡོམས་རྩིས་ལས་མངོན་པ་ལྟར་ན། ན་ནིང་མཚོ་སྔོན་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་གི་སློབ་མའི་ཐོག་མའི་ལས་ཞུགས་བྱེད་ཚད82.6%ལ་སླེབས་པ་དང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་གི་སློབ་མའི་ཐོག་མའི་ལས་ཞུགས་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་ཆ2.8ཀྱིས་ཇེ་མཐོར་སོང་ཡོད།

མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་མཁས་པས་མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་གིས་རོགས་སྐྱོར་བྱས་པའི་འོག བོད་ཁུལ་མི་གྲངས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྔ་རྗེས་སུ་བོད་ཁུལ་དང་གཞི་རིམ་སྲིད་འཛིན་ལས་དོན་མི་སྣའི་བསྡུ་བའི་བྱ་བར་ཤུགས་བསྣན་པ་དང་། དཔལ་འབྱོར་ར་བ་ཁུལ་གྱི་ཁེ་ལས་བཟོ་བ་ཁྲི་ལ་གསོ་སྦྱོང་བྱེད་པའི་འཆར་འགོད་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་གནས་སྤོར་སྡོད་དམངས་ཀྱི་ནུས་རྩལ་གསོ་སྦྱོང་བཟོ་འགོད། སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མའི་ཆེད་དམིགས་ལས་ཞུགས་འཆར་འགོད་བཅས་ལག་བསྟར་བྱས།

རྒྱུས་ལོན་པ་ལྟར་ན། 2010ལོ་ནས2013ལོའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་བོད་ཁུལ་དང་གཞི་རིམ་ལ་ཁ་ཕྱོགས་ཏེ་སྲིད་འཛིན་ལས་དོན་མི་སྣ16548བསྡུ་ལེན་བྱས་ཡོད། 2014ལོར། མཚོ་སྔོན་ཞིང་ཆེན་གྱིས་འཆར་གཞི་ལྟར་ན་རྒྱལ་ཁབ་ལས་བྱེད་མི་སྣ6700བསྡུ་རྒྱུ་ཡིན་པ་དང་། དེའི་ནང་སྐད་གཉིས་ལས་བྱེད་མི་སྣས40%ཟིན་པ་མ་ཟད། བསྡུ་ལེན་བྱས་པའི་མི་སྣ་གཙོ་བོ་འཕེལ་རྒྱས་ཅུང་རྗེས་ལུས་ཡིན་པའི་མཚོ་སྔོན་ལྷོ་ཁུལ་གྱི་བོད་ཁུལ་དུ་མངགས་རྒྱུ་རེད།

གཞན་ཡང་བོད་ཁུལ་གྱི་འབྲིང་རིམ་ཆེད་ལས་སློབ་གསོ་ཕན་འབྲས་མངོན་གསལ་ཡིན་པ་དང་། སློབ་མའི་ལས་ཞུགས་ནུས་རྩལ་མུ་མཐུད་དུ་མཐོར་འདེགས་བྱུང་ལ། མཐར་ཕྱིན་སློབ་མའི་ལས་ཞུགས་གནས་ཚུལ་མུ་མཐུད་དུ་ལེགས་བཅོས་བྱུང་བས། མཚོ་སྔོན་ཞིང་ཆེན་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་མའི་ལས་ཞུགས་བྱེད་ཚད་མིག་སྔར97%ལ་ཇེ་མཐོར་སོང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག