མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་བར་སྣང་ནས་ལྟ་སྐོར་བྱེད་པའི་གྱེན་འཕུར་གནམ་གྲུ་ཐོག་མ་དེ་ཚེས་གསུམ་ཉིན་མཚོ་སྔོན་པོའི་གནས་སྐོར་ས་ཁུལ་ནས་དངོས་སུ་འཕུར་སྐྱོད་བྱེད་མགོ་བརྩམས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-13 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་བར་སྣང་ནས་ལྟ་སྐོར་བྱེད་པའི་གྱེན་འཕུར་གནམ་གྲུ་ཐོག་མ་དེ་ཚེས་གསུམ་ཉིན་མཚོ་སྔོན་པོའི་གནས་སྐོར་ས་ཁུལ་ནས་དངོས་སུ་འཕུར་སྐྱོད་བྱེད་མགོ་བརྩམས། གྱེན་འཕུར་གནམ་གྲུ་དེར་བསྡད་ཚེ་བར་སྣང་ནས་མཚོ་སྔོན་གྱི་མཛེས་ལྗོངས་ལ་བལྟ་ཐུབ་པ་མ་ཟད། གནས་སྐོར་བྱེད་ས་ཡང་གསར་བ་ཞིག་ཡིན་པས། མི་རྣམས་ཀྱི་ཉེན་སེལ་གནས་སྐོར་གྱི་དགོས་མཁོ་བསྐོང་བར་མཐུན་རྐྱེན་བསྐྲུན་ཡོད།

བར་སྣང་དུ་གནས་སྐོར་བྱེད་པའི་གྱེན་འཕུར་གནམ་གྲུ་དེ་ནི་རང་རྒྱལ་ཀྲུང་གོ་མཁའ་འགྲུལ་བཟོ་ལས་སྡེ་ཚོགས་ཀྱིས་གསར་དུ་ཞིབ་འཇུག་བྱས་ནས་སྒྲིག་བཟོ་བྱས་པའིAC311རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཤིག་ཡིན་ཞིང་། ཐེངས་རེ་རེར་མི་གཉིས་ནས་བཞི་བསྡད་ཆོག སྤ་སེའི་རིན་གོང་སྒོར་མོ་དྲུག་བརྒྱ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག