མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྡོ་རྗེ་རབ་བརྟན་གྱིས་ཞོན་ཧྭ་རྫོང་གི་བྱ་བར་རྟོག་ཞིབ་བྱས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-13 10:40

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་གྱིས་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་ཞང་དང་གྲོང་རྡལ། སྡེ་བ། ཁེ་ལས་སྡེ་ཁག་བཅས་ལ་སོང་ནས་ཏང་གཤིས་སྲིད་གཙང་འཛུགས་སྐྲུན་གྱི་བྱ་བར་རྟོག་ཞིབ་བྱས་པ་མ་ཟད། ཏང་ཡོན་ལས་བྱེད་པ་རྒན་པར་འཚམས་འདྲི་ཞུས། ཁོས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུས«ཏང་གཤིས་སྲིད་གཙང་འཛུགས་སྐྲུན་གྱི་ཏང་ཨུའི་རང་བདག་འགན་ཁུར་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་འགན་ནུས་སྐོར་གྱི་བསམ་འཆར»ལག་བསྟར་དོན་འཁྱོལ་དང་། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་འགན་ཁུར་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། “འགན་ཁུར་གཉིས”ལག་བསྟར་དངོས་འབེབས་བྱེད་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་ཏང་གིས་ཏང་ལ་དོ་དམ་དང་། ཏང་གི་བྱེད་ཕྱོགས་དམ་འཛིན་བྱས་ཏེ། ཆབ་སྲིད་དང་ཡོངས་ཁྱབ་ཀྱི་ངོས་ནས་རང་བདག་གི་འགན་ཁུར་ཕྲག་སྟེང་དུ་ལེན་ཕོད་པར་ངོས་འཛིན་ཟབ་མོ་བྱེད་དགོས། ཏང་གཤིས་སྲིད་གཙང་འཛུགས་སྐྲུན་དང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་གཅིག་གྱུར་ངང་མགོ་ཁྲིད་བྱེད་པར་ཤུགས་བསྣན་ནས། ཐུན་མོང་གི་སྟོབས་ཤུགས་གནད་གཅིག་ལ་བསྡུ་བར་མཉམ་དུ་འབད་འཐབ་བྱེད་དགོས་ཟེར། རང་བདག་འགན་ཁུར་གྱི་ནང་དོན་གཙོ་བོར་ངོས་འཛིན་ཡང་དག་བྱེད་པ་དང་། བྱ་བའི་གཙོ་གནས་འབུར་ཐོན་ཡོང་བར་བྱེད་པ། ལས་རྐང་དང་མཐུན་པའི་མི་སྣ་བཀོད་སྒྲིག་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། དབང་ཤུགས་ལ་ཚོད་འཛིན་དང་ལྟ་ཞིབ་ནན་མོ་བྱེད་པ། གཞུང་སྒྲུབ་གྱོད་དོན་ལ་སྣེ་ཁྲིད་ནས་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ། སློབ་གསོ་དོ་དམ་ལྟ་སྐུལ་སོགས་ཀྱི་བྱ་བ་སྟོབས་དང་ལྡན་པའི་ངང་སྤེལ་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཚང་མས་ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱར་སློབ་སྦྱོང་དང་ངོས་འཛིན་ཡང་དག་ཡོད་པར་བྱས་ཏེ། འགན་འཁྲིའི་འདུ་ཤེས་བརྟན་པོ་རང་རྒྱུད་དུ་འཇགས་པར་བྱེད་པ་དང་། འགན་ཁུར་ཕྲག་སྟེང་དུ་ལེན་ཕོད་པར་བྱེད་དགོས། ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ལས་གཞི་བརྒྱད་ལག་བསྟར་དངོས་འབེབས་བྱེད་པར་གཞིགས་ནས། སྒྲིག་ཁྲིམས་འཛུགས་སྐྲུན་བྱ་བ་དང“འགན་ཁུར་གཉིས”དོན་འཁྱོལ་དངོས་འབེབས་ཀྱི་བྱ་བ་གཉིས་ལ་ཤུགས་བསྣན་ཏེ། ལས་དོན་ཡོད་རྒུ་འཐུས་ཤོར་མེད་པའི་ངང་བསྒྲུབ་རྒྱུར་སྟ་གོན་གང་ལེགས་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག