མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞོན་ཧྭ་རྫོང་གི་ཞིང་བའི་ཆེད་ལས་མཉམ་ལས་ཁང333ལ་སླེབས་ཡོད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-13 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བཟོ་ཚོང་ཅུའུ་ཡིས་ཞིང་བའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་སུ་གཏོང་བ་དེ་ཞིང་ལས་ཐོན་ལས་ཅན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་དང་ཞིང་བའི་ཡོང་སྒོ་སྤེལ་བར་སྣེ་ཁྲིད། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་རྩིས་ནས་གཙིགས་འཛིན་བྱས་ལ། ཁོངས་གཏོགས་ཀྱི་ཕུན་སུམ་ཚོགས་པའི་ཞིང་ལས་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་སྣེ་ཁྲིད་དང་འགན་འཁྲི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཧུར་བརྩོན་གྱིས་ཞིང་བའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་ལ་ཞབས་ཞུ་བསྒྲུབས་ནས་གྲུབ་འབྲས་མངོན་གསལ་བླངས།

བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་དུ་ཐོ་འགོད་བྱས་པའི་ཞིང་བའི་ཆེད་ལས་མཉམ་ལས་ཁང333ཡོད་པ་དང་། མ་དངུལ་སྤྱི་འབོར་སྒོར་དུང་ཕྱུར3.49ལ་སླེབས་ཤིང་། ཞིང་བ་ཁོངས་མི་མི1666ཡོད་པ་དང་མི2800ལྷག་གི་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཡོད། ཞིང་བར་རོགས་སྐྱོར་བྱས་ཏེ་ཚོང་རྟགས2སྙན་ཞུ་ཐོ་འགོད་བྱས་ལ། སི་པན་ཐོན་སྐྱེད་དང་སྟར་ཀ། ཁྱིམ་བྱ་དང་ཕྱུགས་ཟོག་གསོ་སྤེལ་སོགས་ཀྱི་ལས་གཞི་ལ་ཐོག་མའི་གཞི་ཁྱོན་གྲུབ་ཡོད་པས། ཞིང་བའི་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་དེ་ཞོན་ཧྭ་རྫོང་གི་དཔལ་འབྱོར་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་གསོན་ཤུགས་གསར་བ་བསྣན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག