མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དང་དར་གོས་ཚོང་ལམ་ས་གདན་འགྲེམ་སྟོན་ཉོ་ཚོང་ཚོགས་འདུ་རྒྱལ་ཁའི་ངང་མཇུག་སྒྲིལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    2014-08-13 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས11ཉིན། རྒྱལ་ཁབ་ཚོང་དོན་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི2014ལོའི་ཀྲུང་གོ་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དང་དར་གོས་ཚོང་ལམ་ས་གདན་འགྲེམ་སྟོན་ཉོ་ཚོང་ཚོགས་འདུ་རྒྱལ་ཁའི་ངང་མཇུག་སྒྲིལ། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུའི་བརྗོད་དོན་འབུར་དུ་ཐོན་པ་དང་ཁྱད་ཆོས་མངོན་གསལ་ཡིན་ལ། གྲུབ་འབྲས་ཕུན་སུམ་ཚོགས་ཤིང་། ཡུལ་དངོས་ཉོ་ཚོང་གི་གན་རྒྱའི་མངག་ཐོ་དང་གན་རྒྱ་བཞག་པའི་སྒོར་མོ་ཨ་སྒོར་དུང་ཕྱུར1.22ལ་སླེབས་ཤིང་། སྐབས་སྔོན་མ་ལས20%འཕར་ཞིང་། ཡུལ་དངོས་ནས་ཉོ་ཚོང་བྱས་པའི་སྒོར་མོ་ཨ་སྒོར་ཁྲི5291ལ་སླེབས་པ་དང་སྐབས་སྔོན་མ་ལས30%འཕར་ཡོད།

གསར་འགོད་པས་རྩ་འཛུགས་ལྷན་ཚོགས་ཀྱིས་བསྡུས་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུས་བརྗེ་རེས་དང་མཉམ་ལས། གསར་སྐྲུན། འཕེལ་རྒྱས་བཅས་བརྗོད་དོན་དུ་བཟུང་ཞིང་། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་དང་རྒྱལ་ཁབ་ཕྱི་ནང་གི་ཚོང་བའི་མཐུན་ཚོགས། སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་ཚོང་དོན་སྡེ་ཁག་དང་འབྲེལ་ཡོད་ཁེ་ལས་ཀྱིས་ཤུགས་ཆེན་པོས་རོགས་སྐྱོར་ཐོབ་ཡོད། བསྡོམས་པས་རྒྱལ་ཁབ11གི་ཁེ་ལས་འགྲེམ་སྟོན་ལ་ཞུགས་པ་དང་། ཕ་ཁི་སི་ཐན་དང་དབྱི་ལང་། ཧིན་རྡུ་སོགས་འཛམ་གླིང་ས་གདན་ཐོན་སྐྱེད་གཙོ་བོའི་རྒྱལ་ཁབ་འགྲེམ་སྟོན་ལ་ཞུགས་ཡོད། ཐུའུ་ཁུའུ་མན་སི་ཐན་དང་ཅི་ཨར་ཅི་སི་ཐན། ཐ་ཅི་ཁུ་སི་ཐན་སོགས་ཡ་གླིང་དབུས་མའི་རྒྱལ་ཁབ3ཐོག་མར་འགྲེམ་སྟོན་ལ་ཞུགས། འཇར་མན་དང་སུའེ་ཏེན་སོགས་རྒྱལ་ཁབ10ཡི་ཆེད་ལས་ཉོ་སྒྲུབ་ཚོང་བ་མང་པོ་འགྲེམ་སྟོན་ལ་ཞུགས་ཡོད་པ་དང་། རྒྱལ་ནང་གི་ཧྲན་ཏུང་དང་བོད་ལྗོངས། ཞིན་ཅང་། ཀན་སུའུ། ཅང་སུའུ། ཧི་པེ་སོགས་ཞིང་ལྗོངས14ཡི་ཁེ་ལས330དང་། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས14བཅས་འགྲེམ་སྟོན་ལ་ཞུགས་ཡོད།

དུས་མཚུངས་སུ། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུས་གྲོན་ཆུང་དང་བཅོས་བསྒྱུར་གསར་སྐྲུན། སྒོ་འབྱེད་ཀྱི་ཁྱད་ཆོས་མངོན་པར་བཏོད་པ། མང་ཚོགས་ཞུགས་པར་གཙིགས་འཛིན་བྱེད་པ་སོགས་ཀྱི་ཁྱད་ཆོས་མངོན་གསལ་ཡིན་ལ། ལོ་རྒྱུས་སྟེང་གཞི་ཁྱོན་ཆེས་ཆེ་བ་དང་སྒོ་འབྱེད་ཚད་ཆེས་མཐོ་བ། རྩ་འཛུགས་ཅན་གྱི་ཆུ་ཚད་ཆེས་བཟང་བའི་འགྲེམ་སྟོན་ཚོགས་འདུ་ཞིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཧུར་བརྩོན་གྱིས་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱས་པའི་ཉམས་མྱོང་ལེགས་པོ་ཞིག་ཀྱང་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག