མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གུང་ཧི་རྫོང་གིས་ཡུན་ནན་ལུའུ་ཏེན་ས་འགུལ་གནོད་ཐེབས་ཁུལ་ཞལ་འདེབས་འབུལ་བའི་མཛད་སྒོ་སྤེལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-13 10:28

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། པེ་ཅིན་གྱི་དུས་ཚོད201ལོའི་ཟླ8པའི་ཚེས3ཉིན་གྱི་དུས་ཚོད16དང་སྐར་མ30ཡས་མས་སུ། ཡུན་ནན་ཞིང་ཆེན་ཧྲའོ་ཐུང་གྲོང་ཁྱེར་ལུའུ་ཏེན་རྫོངདུ་ཚད་རིམ6.5ཡི་ས་འགུལ་བྱུང་བ་དང་། འགུལ་འབྱུང་གི་ཟབ་ཚད་ལ་སྤྱི་ལེ12ཡོད། བློ་བུར་དུ་བྱུང་བའི་གནོད་སྐྱོན་དེས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས། ཟླ8པའི་ཚེས11ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧི་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་རྫོང་སྲིད་གཞུང་གཞུང་སྒྲུབ་ཁང་གི་མདུན་ནས་ཡུན་ནན་ལུའུ་ཏེན་ས་འགུལ་གནོད་ཐེབས་ཁུལ་ལ་ཞལ་འདེབས་འབུལ་བའི་མཛད་སྒོ་སྤེལ། མཛད་སྒོའི་སྟེང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲུའུ་ལིས་ལིན་གྱིས་འགོ་འཛིན་བྱས་ཤིང་། རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཚོགས་ཀྱི་ཧྲུའུ་ཅི་སྐྱབས་ཆོས་ཀྱིས་རྫོང་ཏང་ཨུ་དང་རྫོང་དམངས་ཆེན། རྫོང་སྲིད་གཞུང་། རྫོང་སྲིད་གྲོས་བཅས་དང་གུང་ཧི་རྫོང་གི་མི་དམངས་ཁྲི13གྱི་ཚབ་བྱས་ཏེ་ས་འགུལ་གནོད་ཐེབས་ཁུལ་གྱི་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་ཐུགས་ཁུར་དང་འཚམ་འདྲི་བྱས་ལ། འདས་པོར་མྱ་ངན་ཞུས།

    མིག་སྔའི་བར་དུ། རྫོང་ཡོངས་ཀྱི་ལས་བྱེད་བཟོ་བས་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་སྒོར་མོ241971.5ཕུལ་ཡོད། ཚང་མས་རང་ཉིད་ཀྱི་ལས་རྐང་ལ་གཞི་བཙུགས་ནས་འགན་འཁྲི་ཧུར་ལེན་བྱེད་པ་ནི་གནོད་ཐེབས་ས་ཁུལ་མི་དམངས་ལ་རོགས་སྐྱོར་བྱེད་པ་ཡིན་ལ། ཏང་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག གནོད་འགོག་རྒུད་སྐྱོབ་ལ་རྒྱལ་ཁབ་ལེན་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན། ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག