མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་ཉིས་སྟོང་བཅུ་གསུམ་ལོར་རྙེད་པའི་གནད་དོན་དག་ཐེར་བཅོས་སྐྱོང་དང་དངོས་འབེབས་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-12 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་བཅུ་གཅིག་ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་གིས་ཉིས་སྟོང་བཅུ་གསུམ་ལོར་རྙེད་པའི་གནད་དོན་དག་ཐེར་བཅོས་སྐྱོང་དང་དངོས་འབེབས་བྱས་པའི་གནས་ཚུལ་དང་། ཉིས་སྟོང་བཅུ་བཞི་ལོའི་སྐོར་ཐེངས་དང་པོའི་སྐོར་ཞིབ་ལས་གནད་དོན་གྱི་ཁུངས་སྣེ་རྙེད་དེ་ཐུག་གཅོད་པར་སྤྲོད་པའི་གྲོས་གཞིའི་ཡར་ཞུར་ཉན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ལིན་ཅོན་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ནས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་ཁུངས་ཀྱིས་ད་ལོར་སྐོར་ཞིབ་ཐེངས་དང་པོའི་ཁྲོད་དུ། དཀྱིལ་སྙིང་གཅིག་དང་། ཤུགས་སྣོན་བཞིར་དམ་པོར་དམིགས་ནས། ཤུགས་ཆེན་པོས་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་འཚོལ་ཞིབ་བྱས་ནས། སྐོར་ཞིབ་ལྟ་ཞིབ་བྱས་ཏེ་ཕན་འབྲས་མངོན་གསལ་བླངས་པས། ཞིང་ཆེན་ཏང་ཨུ་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ད་ལོའི་སྐོར་ཐེངས་གཉིས་ཀྱི་སྐོར་ཞིབ་བྱ་བ་བཟང་བོར་སྒྲུབ་དགོས་ན། གཙོ་བོ་ཕྱོགས་ལྔའི་ཐད་ནས་དམ་འཛིན་བྱེད་དགོས་པ་སྟེ། གཅིག་ནས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་ཁུངས་ཀྱིས་བློ་ཐག་རྦད་ཆོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། རིམ་པ་བཞིན་དུ་དམ་འཛིན་བྱེད་དགོས་ཞེས་པའི་མཛུབ་སྟོན་གལ་ཆེན་ལག་བསྟར་བྱས་ཏེ། ཀྲུང་དབྱང་གི་དགོངས་དོན་གྱིས་བསམ་བློ་གཅིག་གྱུར་བྱེད་དགོས་པ་དང་། ཀྲུང་དབྱང་གིས་བཏོན་པའི་རྒྱལ་ཡོངས་ཀྱི་སྐོར་ཞིབ་བྱ་བའི་ཇུས་གཞི་དངོས་འབེབས་བཟང་བོ་བྱེད་དགོས། གཉིས་ནས་སྐོར་ཞིབ་ལྟ་ཞིབ་བྱ་བས་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དང་། མུ་མཐུད་དུ་གནད་དོན་གྱི་ཁ་ཕྱོགས་འབུར་དུ་ཐོན་པར་བྱས་ནས། སྐོར་ཞིབ་བྱ་བའི་ནུས་པ་གལ་ཆེན་འདོན་སྤེལ་བཟང་བོ་བྱེད་དགོས། གསུམ་ནས་འགན་ཁུར་གྱི་འདུ་ཤེས་བཅངས་ནས། འགན་ཁུར་ཕོད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། བཞི་ནས་སྐོར་ཞིབ་གྲུབ་འབྲས་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་དགོས་པ་དང་། ཡར་སྤྲད་པའི་གནད་དོན་འཚོལ་ཞིབ་བྱ་བ་ཚང་མ་ཇི་མ་ཇི་བཞིན་དུ་དག་ཐེར་བཅོས་སྐྱོང་དང་དངོས་འབེབས་བྱས་ནས། དོན་དག་ཚང་མ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ལྔ་ནས་སྐོར་ཞིབ་དང་དག་ཐེར་བཅོས་སྐྱོང་། ཕྱིར་བཤེར་སོགས་གཞི་གཅིག་ཏུ་གྲུབ་པའི་བྱ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས། སྐོར་ཞིབ་བྱ་བའི་གྲུབ་འབྲས་རྒྱ་བསྐྱེད་དང་ཇེ་བརྟན་དུ་གཏོང་དགོས་ཟེར།

གྲོས་ཚོགས་ནས་ད་རུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བྱ་བའི་སྒྲིག་སྲོལ་སོགས་ལམ་ལུགས་ལ་གྲོས་ཞིབ་བྱས་ཏེ་གཏན་ལ་ཕབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག