མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་དང་ཞབས་ཞུ་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ནས་གཞི་རྒྱ་ཇེ་ཆེ་དང་རྨང་གཞི་ཇེ་བརྟན་དུ་སོང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-12 11:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡིས་ཉེ་སྔོན་བསྒྲགས་པའི་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཕྱོགས་བསྡུས་བསྡོམས་རྩིས་ཀྱི་གྲངས་ཀ་ལྟར་ན། ཉིས་སྟོང་བཅུ་གསུམ་ལོའི་ལོ་མཇུག་ཏུ། ཞིང་ཆེན་ཡོངས་སུ་འཕྲོད་བསྟེན་ལས་ཁུངས་སྟོང་གཅིག་དྲུག་བརྒྱ་དོན་གཅིག་ཡོད་ལ། ལོ་སྔོན་མ་དང་བསྡུར་ན་ལས་ཁུངས་ཞེ་གཅིག་འཕར། སྨན་བཅོས་ལས་ཁུངས་བདུན་བརྒྱ་དོན་གཅིག་ཡོད་པ་དེ་ལོ་སྔོན་མ་དང་བསྡུར་ན་མི་བདུན་འཕར། མལ་ཁྲིའི་གྲངས་ཀ་ཁྲི་ཉིས་སྟོང་ལྔ་བརྒྱ་དང་དྲུག་ཅུ་ཡོད་ལ། ལོ་སྔོན་མ་ལས་སུམ་སྟོང་ལྔ་བརྒྱ་ཞེ་གཉིས་འཕར། འཕྲོད་བསྟེན་ལག་རྩལ་མི་སྣ་སུམ་ཁྲི་ཉིས་སྟོང་བཞི་བརྒྱ་ང་གཅིག་ཡོད་ལ། ལོ་སྔོན་མ་དང་བསྡུར་ན་མི་བཞི་སྟོང་ཉིས་བརྒྱ་གོ་གསུམ་འཕར། ཞིང་ཆེན་ཡོངས་ཀྱི་ད་ཡོད་ཀྱི་ཕྱོགས་བསྡུས་སྨན་ཁང་གོ་བརྒྱད་དང་། ཀྲུང་ལུགས་སྨན་ཁང་བཅུ་གསུམ། ཀྲུང་ཕྱི་མཉམ་འབྲེལ་སྨན་ཁང་གཅིག སོག་བོད་མི་རིགས་སྨན་ཁང་ཉེར་དགུ། ཆེད་ཚན་སྨན་ཁང་བཅུ་དགུ། སྡོད་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་བརྒྱ་དང་དོན་བདུན། འཕྲོད་བསྟེན་གླིང་བཞི་བརྒྱ་དང་ལྔ། ཆེད་ཚན་ནད་རིགས་སྔོན་འགོག་ས་ཚིགས་གཅིག གཞན་ཆེད་ཚན་སྒོ་བསྟེན་སྨན་ཁང་བཅུ་བཅས་ཡོད།

ཉིས་སྟོང་བཅུ་གསུམ་ལོར། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་སྡོད་དམངས་སྨན་བཅོས་འགྲོ་སོང་གིས་འཛད་སྤྱོད་རང་བཞིན་གྱི་འགྲོ་སོང་ཁྲོད་དུ་བརྒྱ་ཆའི་བཅུ་གཅིག་ལྷག་ཟིན་ལ། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གཅིག་ལྷག་འཕར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག