མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་མྱུར་སྐྱོབ་རོགས་སྐྱོར་རུ་ཁག་ཡུན་ནན་ལ་རོགས་སྐྱོར་བྱེད་དུ་སོང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-12 11:08

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་རྒྱ་གྲམ་དམར་པོ་སྤྱིའི་ཚོགས་པས་བཀོད་སྒྲིག་བྱས་པ་ལྟར། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་མྱུར་སྐྱོབ་དང་། སྨན་བཅོས། མི་རིགས་བཅས་མྱུར་སྐྱོབ་རུ་ཁག་གསུམ་གྱི་ཁྲོད་ནས་མི་བཅུ་སྐོང་འཐེན་བྱས་ཏེ། ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་ཡུན་ནན་ཞིང་ཆེན་ལུའུ་ཏེན་ས་འགུལ་གནོད་ཐེབས་ས་ཁུལ་ལ་སོང་ནས་འཕྲལ་བསྟུན་རོགས་སྐྱོར་ལས་འགན་ལག་བསྟར་བྱས།

ཡུན་ནན་ལུའུ་ཏེན་ལ་ས་འགུལ་བརྒྱུགས་རྗེས། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་མོ་ཚོགས་པས་དེ་མ་ཐག་རང་བྱུང་གནོད་འཚེ་མཁོ་བསྟུན་གྱི་གྲ་སྒྲིག་བྱ་བ་བསྒྲུབས་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་སོ་སོར་ཡུན་ནན་ལུའུ་ཏེན་ས་འགུལ་ལ་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། གནོད་ཐེབས་ས་ཁུལ་ལ་འཕྲལ་བསྟུན་རོགས་སྐྱོར་མ་དངུལ་སྒོར་འབུམ་གཅིག་ཞལ་འདེབས་སུ་ཕུལ། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་མྱུར་སྐྱོབ་རུ་ཁག་ཟླ་བརྒྱད་པའི་ཚེས་བཞི་ཉིན་མཚན་བརྒྱབ་ནས་གནོད་ཐེབས་ས་ཁུལ་ལ་ཐོན། ཞིང་ཆེན་མྱུར་སྐྱོབ་རུ་ཁག་ལ་མི་བཅུ་ཡོད་པ་དང་་ཟླ་ཕྱེད་ཀྱི་དུས་ཡུན་ནང་། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཡུལ་དངོས་ཀྱི་གཅིག་གྱུར་བཀོད་འདོམས་དང་ལེན་བྱས་ཏེ། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་བཀོད་སྒྲིག་དང་། རྒུད་སྐྱོབ་དངོས་རྫས་བགོ་བཤའ་རྒྱག་པ། སྨན་བཅོས་རོགས་སྐྱོར་སོགས་ཀྱི་བྱ་བ་བསྒྲུབ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག