མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་ལས་ཁུངས་བཅོས་སྒྱུར་བྱ་བ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-12 11:07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་ལས་ཁུངས་བཅོས་སྒྱུར་གྱི་བྱ་བ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་ལས་ཁུངས་བཅོས་སྒྱུར་གྱི་གལ་ཆེའི་དགོངས་དོན་ལ་ངོས་འཛིན་ཟབ་མོ་ཡོད་པར་བྱས་ཏེ། གཞི་གསུམ་འཛུགས་སྐྲུན་གྱི་བྱ་བར་ཤུགས་སྣོན་དང་། ཚན་རིག་གི་འཕེལ་རྒྱས་ལྟ་བར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱིས་རེ་སྒུག་ལ་བསྟུན་པ། རང་སྟེང་གི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་སོགས་ཕྱོགས་མང་པོ་ནས་བསམ་བློའི་ངོས་ཟིན་མཐོར་འདེགས་སུ་བཏང་ནས། བཅོས་སྒྱུར་གྱི་འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཚོགས་འདུ་ལས་གྲོང་ཁྱེར་དང་ཁུལ། རྫོང་བཅས་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་ལས་ཁུངས་བཅོས་སྒྱུར་གྱི་འགན་ཁུར་ལྕི་མོ་ཡིད་ལ་དམ་པོར་འཛིན་དགོས་ཏེ། སྲིད་བསྡུ་དབང་གཏོང་གི་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་ཐོག རྒྱུན་འཛིན་བྱེད་དགོས་པ་རྒྱུན་འཛིན་ལེགས་པོ་དང་། འཕེལ་རྒྱས་ལ་གནོད་པའི་མི་མཐུན་ཕྱོགས་བཀག་འགོག་བྱེད་པ། རང་འཁྲིའི་འགན་ནུས་འཐུས་ཤོར་མེད་པའི་ངང་སྒྲུབ་པ་བཅས་བྱེད་དགོས། སྲིད་དོན་ཞབས་ཞུའི་མ་ལག་རྒྱ་བསྐྱེད་དེ་བྱ་བའི་ལས་རིམ་ཁག་འཆོལ་མེད་ཡང་དག་ངང་བསྒྲུབ་དགོས་པའི་རེ་བ་བཏོན།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། གྲོང་ཁྱེར་དང་ཁུལ། རྫོང་བཅས་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་ལས་ཁུངས་བཅོས་སྒྱུར་གྱི་བྱ་བ་ཕྱོགས་ཡོངས་ནས་སྤེལ་དགོས་ཏེ། མགོ་ཁྲིད་ལ་ཤུགས་སྣོན་དང་གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ནས་ལྟ་རྟོག་བྱེད་པ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བ། མཛུབ་སྟོན་བྱ་བར་ཤུགས་སྣོན་པ། རྒྱབ་སྐྱོར་རོགས་འདེགས་དམ་པོ་བྱེད་པ། སྒྲིག་ཁྲིམས་ནན་མོར་འཛིན་པ། ལྟ་ཞིབ་ཀྱི་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། འགན་ཁུར་ཡོད་ཚད་ལོ་མཇུག་བར་དུས་ལྟར་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག