མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་སྟོད་རྫོང་གི་ཚད་རིམ4.5ཡི་ས་འགུལ་ལས་མི་ལ་རྨས་སྐྱོན་བྱུང་མེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-12 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམངས་སྲིད་པུའུ་དྲ་ཚིགས་ལས་འབྱོར་བའི་གནས་ཚུལ་ལྟར་ན། ཀྲུང་གོ་ས་འགུལ་བརྟག་བཤེར་ཚད་ལེན་དྲ་བའི་ཚད་ལེན་བྱས་པར་གཞིགས་ན་ཟླ8པའི་ཚེས11ཉིན་གྱི་དུས་ཚོད18དང་སྐར་མ50སྟེང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང(བྱང་འཕྲེད་ཏུའུ34.8དང་ཤར་གཞུང་ཏུའུ98.9)ལ་ཚད་རིམ4.5ཡི་ས་འགུལ་བྱུང་བ་དང་། འགུལ་འབྱུང་གི་ཟབ་ཚད་ལ་སྤྱི་ལེ7ཡོད། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་འབྲེལ་གཏུག་བྱས་པ་ལྟར་ན་མིག་སྔའི་བར་དུ་མི་ལ་རྨས་སྐྱོན་བྱུང་བའི་གནས་ཚུལ་བྱུང་མེད། ས་གནས་དམངས་སྲིད་སྡེ་ཁག་གིས་མི་མངག་སྟེ་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་ཡོད།

དམངས་སྲིད་པུའུ་རྒྱལ་ཁབ་གནོད་འགོག་ལྟེ་གནས་ཀྱིས་དཔྱད་འཇོག་བྱས་པ་ལྟར་ན། ཐེངས་འདིའི་ས་འགུལ་གྱི་འགུལ་འབྱུང་ནི་མཚོ་ངོས་ལས་མཐོ་ཚད་མུས4500ཡོད་པ་དང་རྨ་སྟོད་རྫོང་མཁར་དང་རྨ་ཆེན་རྫོང་མཁར་ནས་སོ་སོར་སྤྱི་ལེ75དང་སྤྱི་ལེ120བར་མཚམས་སུ་ཡོད་ལ། རྨ་སྟོད་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་དང་སྤྱི་ལེ35མཚམས་སུ་ཡོད། ཐེངས་འདིའི་ས་འགུལ་ལས་མི200ལྷག་ལ་ཤུགས་རྐྱེན་ཐེབས་པ་དང་། ཐོག་མའི་གཏན་འཁེལ་བྱས་པ་ལྟར་ན་ཐེངས་འདིའི་ས་འགུལ་ལས་སྡོད་ཁང་ཉུང་ཤས་ཤིག་ལ་གནོད་སྐྱོན་ཐེབས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག