མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཉིས་སྟོང་བཅུ་བཞི་ལོའི་མཚོ་སྔོན་འཛམ་གླིང་རི་ཁུལ་དངོས་བྲིས་གློག་བརྙན་དུས་ཆེན་གྱི་དཔྱད་གླེང་གྲོས་ཚོགས་བསྡུས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-12 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་ཉིན་གྱི་སྔ་དྲོ། ཉིས་སྟོང་བཅུ་བཞི་ལོའི་ཀྲུང་གོ་མཚོ་སྔོན་འཛམ་གླིང་རི་ཁུལ་དངོས་བྲིས་གློག་བརྙན་དུས་ཆེན་གྱི་དཔྱད་གླེང་གྲོས་ཚོགས་ན་གོར་མོ་གྲོང་ཁྱེར་ནས་བསྡུས། རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་ཆེད་མཁས་པ་ལྔ་ཡིས་རང་གི་རི་ཁུལ་དངོས་བྲིས་གློག་བརྙན་སྒྲིག་སྦྱོར་དང་བརྙན་ཕབ་སྐོར་གྱི་ཉམས་མྱོང་བཤད་པ་མ་ཟད། རི་ཁུལ་མི་རིགས་ཀྱི་རིག་གནས་ལོ་རྒྱུས་ཀྱི་གལ་ཆེན་རང་བཞིན་དང་ད་ཡོད་རིན་ཐང་ལ་དཔྱད་བསྡུར་བྱས་ཏེ། ཀྲུང་ཧྭའི་འོད་སྟོང་འབར་བའི་རིག་གནས་ལོ་རྒྱུས་འཛམ་གླིང་ལ་དར་སྤེལ་གཏོང་བར་ཤུགས་བསྣན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཅི་ཏི་མཱ་ཅ་ཡིས་རི་ཁུལ་མི་རིགས་ཀྱི་འཚོ་གནས་དྲན་པ་དང་བསྐྱར་གསོན་ཁྲོད་ཀྱི་མཐའ་འཁོབ་བརྙན་གཟུགས་ཞེས་པ་བརྗོད་དོན་དུ་བཟུང་ནས་གཏམ་བཤད་བྱས་པར་མ་ཟད། གསོན་ཉམས་ལྡན་པའི་ངང་རི་ཁུལ་རིག་གནས་དང་རྒྱ་མཚོའི་རིག་གནས་ཀྱི་འཕེལ་རྒྱས་དང་ཁྱབ་འགྱེད་ངོ་སྤྲོད་བྱས་ནས། རི་ཁུལ་རིག་གནས་ཀྱི་གལ་ཆེན་རང་བཞིན་རྩལ་དུ་བཏོན་ནས་འགྲེལ་བརྗོད་བྱས། ཅི་ཏི་མཱ་ཅ་ཡིས་བསྟན་དོན། རི་ཁུལ་རིག་གནས་ཀྱིས་གདོད་པའི་རྣམ་པ་དང་རིག་གནས་སྲུང་འཛིན་བྱས་ཡོད་པ་དང་། གནའ་བོའི་ཤེས་རིག་གི་ཐུན་མིན་ཁྱད་ཆོས་མ་ཉམས་ཇི་བཞིན་རྒྱུད་འཛིན་བྱས་ཡོད་པས། དེང་རབས་ཀྱི་མི་རྣམས་ལ་མཚོན་ན་གཞལ་ཐབས་བྲལ་བའི་རིན་ཐང་ཆེན་པོ་ལྡན་ཟེར། བསྐྱར་གསོན་དང་ཉམས་རྒུད་ཀྱི་ཁྲོད་ནས་མྱུར་སྐྱོབ་བྱེད་པ་བརྗོད་དོན་ཡིན་པའི་དངོས་བྲིས་གློག་བརྙན་འདི་དག་ནི། ལོ་རྒྱུས་ཀྱི་རྒྱུ་ཆ་འགངས་ཆེན་ཡིན་པ་མ་ཟད། མིའི་རིགས་ལ་རང་ཉིད་ཀྱི་ཁ་སང་གི་འཚོ་བ་ངོ་སྤྲོད་དང་། འབྱུང་འགྱུར་གྱི་ལམ་ཁ་ཅི་ལྟ་བུ་ཞིག་ལ་གོམ་བགྲོད་བྱེད་པར་དགེ་མཚན་མི་དམན་པ་ལྡན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག