མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་དང་ཞབས་ཞུ་མངོན་གསལ་གྱིས་ལེགས་བཅོས་བྱུང་ལ་གཞི་ཁྱོན་རྒྱ་བསྐྱེད་པ་དང་རྨང་གཞི་ཇེ་བརྟན་དུ་སོང་ཡོད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-12 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཕྲོད་བསྟེན་ལས་དོན་བཅོས་བསྒྱུར་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་བསྟུན། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མངོན་གསལ་གྱིས་ལེགས་བཅོས་བྱུང་བ་དང་། གཞི་ཁྱོན་མུ་མཐུད་དུ་རྒྱ་ཇེ་ཆེར་སོང་ཞིང་རྨང་གཞི་སྔར་ལས་ཇེ་བརྟན་དུ་སོང་བས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་སྨན་བཅོས་འཕྲོད་བསྟེན་བདེ་སྲུང་ལོངས་སྤྱོད་དང་དམངས་འཚོ་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་ལེགས་པོ་བཏིངས་ཡོད།

ཞིང་ཆེན་བསྡོམས་རྩིས་ཅུའུ་ཡིས་ཉེ་སྔོན་ཁྱབ་བསྒྲགས་བྱས་པའི་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཕྱོགས་བསྡུས་བསྡོམས་རྩིས་བྱས་པའི་ལོ་ཧྲིལ་བོའི་གཞི་གྲངས་ལས་མངོན་པ་ལྟར་ན། 2013ལོའི་ལོ་མཇུག་ཏུ། ཞིང་ཆེན་ཡོངས་ལ་འཕྲོད་བསྟེན་ལས་ཁུངས1671ཡོད་པ་དང་ན་ནིང་ལས41ཇེ་མང་དུ་སོང་ཡོད་པ་དང་། སྨན་བཅོས་ལས་ཁུངས771དང་ན་ནིང་ལས7ཇེ་མང་དུ་སོང་ཡོད། ནད་པའི་མལ་ཁྲི29560དང་ན་ནིང་ལས་མལ་ཁྲི3542ཇེ་མང་དུ་སོང་ཡོད། འཕྲོད་བསྟེན་ལག་རྩལ་པ32451དང་ན་ནིང་ལས་མི4293ཇེ་མང་དུ་སོང་ཡོད། ཞིང་ཆེན་ཡོངས་ལ་ཕྱོགས་བསྡུས་སྨན་ཁང89དང་ཀྲུང་ལུགས་སྨན་ཁང13། ཀྲུང་ཕྱིའི་གསོ་རིག་སྨན་ཁང1། སོག་བོད་མི་རིགས་སྨན་ཁང29། ཆེད་ལས་སྨན་ཁང13། གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས177། འཕྲོད་བསྟེན་ཁང405། ནད་གཞི་ཆེད་ལས་འགོག་བཅོས་ཁང1། ཁྲག་འདོན་སྤྲོད་ལས་ཁུངས9། མ་བུ་བདེ་སྲུང་ཁང24། གཞན་པའི་ཆེད་ལས་སྒོ་བསྟེན་སྡེ་ཁག10བཅས་ཡོད།

2013ལོར་ཞིང་ཆེན་ཡོངས་སུ་མི་ཁྲི་རེའི་ཁྲོད་སྨན་པའི་ཐོབ་ཐང་ཡོད་པའི་མི18.16དང་དེ་ན་ནིང་ལས་མི1.86འཕར་བ་དང་། མི་ཁྲི་རེའི་ཁྲོད་ནད་གཡོག་གི་ཐོབ་ཐང་ཡོད་པའི་མི18.70དང་དེ་ལོ་སྔོན་མ་ལས་མི2.30ཇེ་མང་ལ་སོང་ཡོད། མི་ཁྲི་རེའི་ལ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་མལ་ཁྲི51.2དང་དེ་ན་ནིང་ལས12.8%འཕར་ཡོད། སྒོ་བསྟེན་ནད་པའི་མི་ཐེངས་རེའི་ཆ་སྙོམས་ཀྱི་སྨན་རྫས་འགྲོ་གྲོན་སྒོར104.7དང་དེ་ན་ནིང་ལས་སྒོར12.0ཇེ་མང་དུ་སོང་ཞིང་། ཞིང་སྡེའི་སྡོད་དམངས་ཀྱི་སྨན་བཅོས་བདེ་སྲུང་འགྲོ་གྲོན་གྱིས་འཛད་སྤྱོད་རང་བཞིན་གྱི་འགྲོ་གྲོན་བསྡུར་ཚད་ཀྱི11.2%ཟིན་པ་དང་། བསྡུར་ཚད་དེ་ན་ནིང་ལས་བརྒྱ་ཆའི་ཆ1.4འཕར་ཡོད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག