མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རྫས་དོ་དམ་ཅུའུ་ཡིས་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་གྱི་ཆ་འཕྲིན་ཅན་གྱི་ལས་གཞི་བདེ་བླག་ངང་ཡོངས་འགྲུབ་བྱས།

རྩོམ་པ་པོ། སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-12 10:27

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཆ་འཕྲིན་ཅན་འཛུགས་སྐྲུན་ལྟེ་བར་བཟུང་ནས་ནུས་ཤུགས་གང་ཡོད་སྒོས་ཟས་རིགས་སྨན་རྫས་དོ་དམ་བྱ་བ་གཙིགས་ཆེན་དུ་བཟུང་ནས་རིམ་པ་ཅན་གྱི་འཆར་གཞི་ལ་ཤུགས་སྣོན་དང་ཚད་ལྡན་གཅིག་གྱུར་དུ་བཏང་སྟེ། རྨིང་གཞིའི་འཛུགས་སྐྲུན་རྒྱ་ཆེར་སྤེལ་ནས་དམངས་ཡོངས་ཀྱི་བདེ་ཐང་ལ་དོ་སྣང་དང་། བཟོ་སྐྲུན་འཛུགས་སྐྲུན་འཆར་འགོད། ཟས་རིགས་སྨན་རྫས་དོ་དམ་ཆ་འཕྲིན་ཅན་གྱི་ལས་གཞི་བདེ་བླག་ངང་ཡོངས་འགྲུབ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཟླ་གསུམ་གྱི་རིང་ལ་འབད་བརྩོན་རྟོག་ཞིབ་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྲིད་འཛིན་གཞུང་སྒྲུབ་རང་འགུལ་ཅན་གྱི་ཆ་འཕྲིན་མ་ལག་འཛུགས་སྐྲུན་གྱིས་ཁེབས་པར་བྱས་ལ། ཆ་འཕྲིན་ཅན་གྱི་བྱེད་ཐབས་ལག་བསྟར་བྱས་པ་ནས་བཟུང་། གཞུང་དོན་སྒྲུབ་པར་སྟབས་བདེར་བསྐྲུན་པ་མ་ཟད། དུས་ལྟར་རིགས་སོ་སོར་མགྱོགས་མྱུར་སྒོས་ལྟ་སྐུལ་དོ་དམ་གྱི་བརྡ་འཕྲིན་བཏང་ནས་དུས་ཚོད་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྨན་ཁང་དང་ཚོང་ཁང་སུམ་ཅུ་སོ་གསུམ་ལྷག་ལ་གྲངས་རྩིས་ཀྱིས་ཡུལ་དངོས་ནས་ལྟ་སྐུལ་དོ་དམ་བྱེད་ཐུབ་པར་མངོན་འགྱུར་བྱུང་།

ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་མི་འགྱང་པར་སྤྱི་བོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དང་། སྲིད་གཞུང་གི་བརྡ་འཕྲིན་མངོན་གསལ་སྒོས་བསྒྲགས་པ་དང་། བརྡ་འཕྲིན་ཐོན་ཁུངས་ལ་དུས་ལྟར་རོལ་མྱོང་བྱེད་ཐུབ་པར་བྱས་ཏེ། སྤྱི་བོའི་ཞབས་ཞུའི་གཞི་ཁྱོན་རྒྱ་བསྐྱེད་ནས་སྤྱི་བོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་བྱེད་སྒོ་རྒྱ་ཆེར་སྤེལ་ནས་ལས་གཞིའི་འཛུགས་སྐྲུན་གྱི་གྲུབ་འབྲས་ལག་བསྟར་བྱས་ཏེ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་བྱ་བ་སྔར་ལས་ལྷག་པའི་སྒོ་ནས་མཐོར་འདེགས་སུ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག