མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་རི་དྭགས་དགོ་བ་བཅུ་གཉིས་བདེ་བླག་ངང་མིའི་ཐབས་ཀྱིས་རྒྱུད་སྤེལ་བྱས་ཡོད་པ་རེད།

རྩོམ་པ་པོ། རྡོ་རྗེ་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-12 10:27

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་མཚོ་སྔོན་པོའི་མཐའ་འཁོར་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཟླ་བདུན་པའི་ཚེས་གསུམ་ནས་ཚེས་སུམ་ཅུ་ཉིན་བར། མཚོ་སྔོན་པོ་རྒྱལ་ཁབ་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡི་རི་དྭགས་དགོ་ཀྱི་སྨན་བཅོས་སྲུང་སྐྱོབ་ལྟེ་གནས་སུ་མིའི་ཐབས་ཀྱིས་དགོ་བ་བཅུ་གཉིས་རྒྱུད་སྤེལ་བྱས་ཡོད་ལ། མཚོ་སྔོན་པོའི་ད་སྔ་བར་མིའི་ཐབས་ཀྱིས་རྒྱུད་སྤེལ་དང་སྲུང་སྐྱོབ་བྱས་པའི་རི་དྭགས་དགོ་ཀྱི་གྲངས་ཀས་རི་སྐྱེས་དགོ་ཀྱི་གྲངས་ཀའི་བརྒྱ་ཆའི་བཅུ་བདུན་ཟིན་ཡོད་པ་རེད།

མིའི་ཐབས་ཀྱིས་རྒྱུད་སྤེལ་བར་ལེགས་འགྲུབ་བྱུང་བ་དང་། སྤྱང་ཀི་དང་ཝ་མོ་སོགས་ཀྱིས་དགོ་ཕྲུག་ལ་གནོད་བྱེད་དུ་མི་འཇུག་པའི་ཆེད་དུ། སྲུང་སྐྱོབ་ཁུལ་གྱི་ལས་བྱེད་མི་སྣ་དག་གིས་རྒྱུད་སྤེལ་བའི་ཉིན་ཉེར་བརྒྱད་ཀྱི་རིང་དུ་ཕྲུ་གུ་བཙའ་བའི་དགོ་བ་དང་དགོ་ཕྲུག་བཅས་ལ་དུས་ཚོད་ཉི་ཤུ་རྩ་བཞིའི་རིང་དུ་ལྟ་རྟོག་དང་སྲུང་སྐྱོབ་བྱས་པ་རེད།

སྨན་བཅོས་སྲུང་སྐྱོབ་ལྟེ་གནས་སུ་རྒྱུད་སྤེལ་བ་ལེགས་འགྲུབ་བྱུང་བ་དེས་རི་དྭགས་དགོ་ཡི་གྲངས་ཀ་ཇེ་མང་དུ་བཏང་ཡོད་པར་མ་ཟད། དགོ་ཡི་རྒྱུད་ཇེ་བཟང་དུ་བཏང་ཡོད་པ་རེད། སྲུང་སྐྱོབ་ལྟེ་གནས་ཀྱིས་དགོ་ཕྲུག་རང་བཞིན་ངང་སྐྱེས་སུ་འཇུག་གིན་ཡོད་ལ། སྲུང་སྐྱོབ་ལྟེ་གནས་ཀྱི་ལས་བྱེད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན་ད་སྐབས་རི་དྭགས་དགོ་བ་འདི་དག་གི་གནས་བབ་ཤིན་ཏུ་ཡག་པོ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག