མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་དགུ་བ་སྐྱེ་རྒུ་མདོ་ནས་བསྡུས་པ།

རྩོམ་པ་པོ། གསར་འགོད་པ།ཚེ་རིང་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-12 09:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས11ཉིན་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་དགུ་བ་ཡུས་ཧྲུའུ་ཁུལ་སྐྱེ་རྒུ་མདོ་ནས་བསྡུས་ཤིང་། ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཕིན་གཡང་རིན་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་གངས་བཟང་། མཚོ་སྔོན་ཉིན་རེར་ཚགས་པར་ཁང་གི་ཧྲེ་ཀྲང་གཞོན་པའམ་མཚོ་སྔོན་མི་རིགས་སྐད་ཡིག་ལོ་ཙཱ་བ་ཚོགས་པའི་ཚོགས་གཙོ་དགེ་གཉེན་སོགས་མགོ་ཁྲིད་དང་། དེ་མིན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། ཀྲུང་གོའི་བོད་ཀྱི་དྲ་བ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་ནས་ཕེབས་པའི་ཆེད་མཁས་པ་དང་ལོ་ཙཱའི་བྱ་བ་སྒྲུབ་མཁན་གྱི་འཐུས་ཚབ་པ་བཅས་མི70ལྷག་ཞུགས་ཤིང་། ཚོགས་གཙོ་དགེ་གཉེན་གྱིས་མཚོ་སྔོན་གྱི་མི་རིགས་སྐད་ཡིག་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་གནང་བ་དང་། མི་འདང་ས་དང་ཞན་ཆ་ཅི་ཡོད་ལ་རིན་ཐང་ལྡན་པའི་བསམ་འཆར་བཏོན་པ་རེད།

ཚོགས་ར།

ཐེངས་འདིའི་ཚོགས་ཐོག་ཏུ་ད་དུང་ཕུལ་བྱུང་དཔྱད་རྩོམ་ལ་བྱ་དགའ་བསྩལ་ཅིང་བགྲོ་གླེང་བྱས་པ་མ་ཟད། གཞན་ཆེད་མཁས་པ་བཀོད་སྒྲིག་བྱས་ཏེ་འཆད་ཁྲིད་སོགས་གནང་སྟེ་ཚོགས་འདུའི་རྣམ་པ་དེ་ཕུན་སུམ་ཚོགས་པ་དང་ཧུར་པོར་བཏང་བས། ཚོགས་འདུའི་འཕེལ་རིམ་སོ་སོ་བདེ་བླག་ངང་གྲུབ། མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འདི་ནི་མཚོ་སྔོན་གྱི་མི་རིགས་སྐད་ཡིག་བྱ་བ་སྐོར་གྱི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། ཚོགས་འདུ་འདི་ཐེངས་དགུ་ལ་སྤེལ་བའི་ཚུན་དུ། ཞིང་ཆེན་དང་ཁུལ་སོ་སོའི་མི་རིགས་སྐད་ཡིག་བྱ་བ་སྒྲུབ་མཁན་གྱི་མགོ་ཁྲིད་དང་ཆེད་མཁས་པས་རྒྱབ་སྐྱོར་དང་ཐུགས་ཁུར་ཟབ་བཞེས་གནང་བས། མི་རིགས་སྐད་ཡིག་ཐད་གནས་པའི་གནད་དོན་སྣ་ཚོགས་ཐག་གཅོད་པ་དང་། མིང་བརྡ་གཅིག་གྱུར་སོགས་མི་རིགས་སྐད་ཡིག་བྱ་བ་གོང་དུ་འཕེལ་བའི་ཕྱོགས་ལ་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་རེད།  །

ཚོགས་འདུའི་ཡུལ་དངོས།

ཚོགས་གཙོ་དགེ་གཉེན་གྱིས་གཏམ་བཤད་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག