མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཉིས་སྟོང་བཅུ་བཞི་ལོའི་ཁུ་ནུ་རིག་གནས་དང་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་བསྡུས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-11 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་ཉིན་གྱི་སྔ་དྲོ། ཉིས་སྟོང་བཅུ་བཞི་ལོའི་ཁུ་ནུ་རིག་གནས་དང་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་ན་གོར་མོ་གྲོང་ཁྱེར་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཅི་ཏི་མཱ་ཅ་དང་། ཧྲིན་ཀྲང་གཞོན་པ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་ཞིན་གོ་པི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཀྲི་ཝེ་སོགས་མགོ་ཁྲིད་དཔྱད་གླེང་ཚོགས་འདུར་ཞུགས། ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་སྟེང་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཁོ་རེ་ཡ་སོགས་རྒྱལ་ཁབ་ཁག་དང་། མཚོ་འགག་འགྲམ་གཉིས་ཀྱི་མཐོ་རིམ་སློབ་གྲྭ ཞིབ་འཇུག་ལས་ཁུངས་ཀྱི་ཆེད་མཁས་པ་དང་ཆེད་ལས་མི་སྣ་བཅས་ཞུགས་ཡོད།

ཅི་ཏི་མཱ་ཅ་ཡིས་གཏམ་བཤད་ཁྲོད་གླེང་དོན། ཁུ་ནུ་རིག་གནས་དང་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་འཛུགས་སྐྲུན་གཉིས་གཅིག་བསྡུས་ངང་དཔྱད་གླེང་སྤེལ་རྒྱུ་དེ། རིག་གནས་དང་ལོ་རྒྱུས། དངོས་ཡོད་བཅས་ཕྱོགས་གསུམ་གྱི་ཆ་ན་དོན་སྙིང་ཆེན་པོ་ཡོད། དེའི་རྒྱུ་མཚན་ནི། དཔྱད་གླེང་སྤེལ་ཕྱོགས་དེ་འདས་མ་ད་གསུམ་གང་གི་ཆ་ནས་བལྟས་ཀྱང་རེ་བ་དང་གྲུབ་འབྲས་ཐོབ་ངེས་གཏན་ཡིན་ཟེར། ཁུ་ནུ་རིག་གནས་ཁྱབ་སྒྲོག་དང་འཕེལ་རྒྱས་ཀྱི་བྱ་བ་དེ་དར་གོས་ཚོང་ལམ་འཛུགས་སྐྲུན་དང་འབྲེལ་བ་དམ་ཟབ་ཡོད་པས། མ་འོངས་བའི་ཁུ་ནུ་རིག་གནས་ཀྱི་འཕེལ་རྒྱས་དང་རྒྱ་བསྐྱེད་ནི་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་དང་ཐད་ཀར་འབྲེལ་ཡོད། ཁུ་ནུ་རིག་གནས་ཀྱིས་དར་གོས་ཚོང་ལམ་གྱི་ཁྱབ་སྒྲོག་བརྒྱུད་ལམ་གལ་ཆེན་འདི་ལ་བརྟེན་ནས། ས་ཁོངས་རང་བཞིན་ལས་བརྒལ་ཏེ་འཛམ་གླིང་རིག་གནས་ཀྱི་མཚོན་བྱེད་གལ་ཆེན་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་དགོས། ཁུ་ནུ་རིག་གནས་ཀྱིས་ལོ་རྒྱུས་ཁྱབ་སྒྲོག་དང་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གོ་གནས་བཟུང་ཡོད་པས། ཁུ་ནུ་རིག་གནས་ཀྱི་སྐྱེད་ཁུངས་འཁྲུལ་མེད་ནི་མཚོ་སྔོན་ས་ཆ་ཡིན་རུང་། ཁྱབ་སྒྲོག་བརྒྱུད་ལམ་འདྲ་མིན་བེད་སྤྱོད་དང་། བསམ་བློ་བརྗེ་རེས། གཞན་གྱི་ལེགས་ཆ་ཚུར་ལེན་བཅས་བྱས་པ་མ་ཟད། ཁྱད་དོན་དར་གོས་ཚོང་ལམ་གྱི་ཁྱབ་སྒྲོག་བརྒྱུད་ལམ་གལ་ཆེན་འདི་ལ་བརྟེན་ཏེ། མཐར་ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་རིག་གནས་ཀྱི་མཚོན་བྱེད་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པས། དེའི་ཤུགས་རྐྱེན་ཡུ་གུར་དང་ཀན་སུའུ། ཨེ་ཤ་ཡ་དབུས་ནུབ་བཅས་ལ་ཟམ་མ་ཆད་པར་ཁྱབ་ཀྱིན་ཡོད།

ཅི་ཏི་མཱ་ཅ་ཡིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ནི་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་འདུས་མདོར་གནས་པས། ས་བབ་ཀྱི་ཆ་རྐྱེན་བཟང་ལ། རང་བྱུང་ཐོན་ཁུངས་འཛོམས་པོ་ཡིན་པ། གཞན་དང་མི་མཚུངས་བའི་སྐྱེ་ཁམས་ཁོར་ཡུག་ཡོད་པ། མི་རིགས་རིག་གནས་སྣ་མང་ཡིན་པ། འགྲིམ་འགྲུལ་ཆ་རྐྱེན་ཉིན་རེར་ཇེ་བདེ་རུ་འགྲོ་བཞིན་ཡོད་པས། མཚོ་སྔོན་གྱིས་ཁྱིམ་མཛེས་རྒྱལ་ཁབ་ཁག་གི་མཉམ་ལས་བརྗེ་རེས་ཁྲོད་བྱེད་ནུས་མི་དམན་པ་འདོན་གྱིན་ཡོད། ཟི་ལིང་དང་ན་གོར་མོ། མཚོ་ཤར་གྲོང་ཁྱེར་སོགས་ནི་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་གནད་ས་གལ་ཆེན་ཞིག་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་བྱེད་ནུས་གལ་ཆེན་འདོན་ཐུབ་དགོས། དུས་མཚུངས་སུ། དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ཀྱིས་ཁུ་ནུ་རིག་གནས་ཁྱབ་སྒྲོག་དང་འཕེལ་རྒྱས་ཐད་ཕན་འབྲས་ལྡན་པའི་ཆ་རྐྱེན་གང་བཟང་སྐྲུན་གྱིན་ཡོད། ཁུ་ནུ་རིག་གནས་དང་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་འཛུགས་སྐྲུན་ཞེས་པ་དཔྱད་གླེང་བརྗོད་གཞིར་བཟུང་ནས་དཔྱད་གླེང་སྤེལ་དོན་ནི། ཁུ་ནུ་རིག་གནས་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་འཛུགས་སྐྲུན་བྱ་བ་དང་མཉམ་དུ་སྤེལ་ནས། ཁུ་ནུ་རིག་གནས་འཛམ་གླིང་ཅན་དང་མ་འོངས་ཅན་ལ་ཁ་ཕྱོགས་པར་འབད་བརྩོན་ལྷོད་མེད་བྱ་རྒྱུ་དེ་ཡིན། ས་གནས་སོ་སོ་ནས་ཕེབས་པའི་ཆེད་མཁས་པ་རྣམས་ཀྱིས་རིག་གཞུང་དཔྱད་གླེང་འདི་སྤེལ་བ་བརྒྱུད། རིག་ཚན་གསར་བ་དང་དཔུང་སྡེ་གསར་བ་ཞིག་གྲུབ་པར་བྱས་ཏེ། དེས་ཁུ་ནུ་རིག་གནས་དང་དར་གོས་ཚོང་ལམ་དཔལ་འབྱོར་འཛུགས་སྐྲུན་དྲིལ་སྒྲོག་དང་ཞིབ་འཇུག བེད་སྤྱོད་བཅས་ཀྱི་ཐད་སྔར་མེད་གྲུབ་འབྲས་གསར་བ་ཞིག་བསྐྲུན་རྒྱུ་གལ་ཆེན་ཡིན་པ་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག