མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས2014ལོའི་མཛེས་སྡུག་གྲོང་རྡལ་འཛུགས་སྐྲུན་གྱི་ཆེད་དོན་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-11 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་མ་ཧྲིན་ཆིན་གྱིས་འགོ་འཛིན་བྱས་ཏེ་མཛེས་སྡུག་གྲོང་རྡལ་འཛུགས་སྐྲུན་གྱི་ཆེད་དོན་ཚོགས་འདུ་བསྡུས་ནས། མགྱོགས་མྱུར་གྱིས་མཛེས་སྡུག་གྲོང་རྡལ་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་།

ཚོགས་འདུས་བསྟན་དོན། མཛེས་སྡུག་གྲོང་རྡལ་འཛུགས་སྐྲུན་བྱེད་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་གྱི་གྲོང་རྡལ་ཅན་དུ་བསྒྱུར་བའི་གནས་བབ་དང་ལས་འགན་ལ་གཅིག་གྱུར་གྱིས་བསམ་བློ་བཏང་ནས། ཞིང་ཆེན་གྱི་གཞི་རྩའི་གནས་ཚུལ་ལ་གཞིགས་ཏེ། མི་ཉིད་ལྟེ་བར་བཟུང་བའི་གྲོང་རྡལ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བར་དམིགས་པའི་ཐག་གཅོད་གལ་ཆེན་ཞིག་ཡིན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བྱ་བའི་བཀོད་སྒྲིག་ལ་གཞིགས་ཏེ་ནན་ཏན་སྒོས་རྩ་འཛུགས་དང་ཧུར་བརྩོན་གྱིས་སྐུལ་འདེད་བཏང་ནས་གྲུབ་འབྲས་ལེགས་པོ་བླངས་ཡོད། ཡིན་ཡང་མིག་སྔར་ལས་གཞིའི་སྐུལ་འདེད་ལམ་ལུགས་ཆ་ཚང་མིན་པ་དང་ས་ཁུལ་བར་གྱི་འཕེལ་རྒྱས་ཆ་སྙོམས་མིན་པ་སོགས་ཀྱི་གནད་དོན་གནས་ཡོད།

ཚོགས་འདུས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མཛེས་སྡུག་གྲོང་རྡལ་འཛུགས་སྐྲུན་བྱ་བར་མཐོང་ཆེན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲིའི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་མཐོར་འདེགས་སུ་བཏང་ནས་གོ་སྐབས་དམ་འཛིན་དང་དངོས་འབེབས་གཙིགས་འཛིན་གྱིས་དུས་ལྟར་ལས་གཞིའི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། གཅིག་ནི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས་བྱ་བའི་ལམ་ལུགས་འཐུས་ཚང་དང་། འགན་འཁྲི་དང་དུས་བཅད་གསལ་བོར་བཏང་ནས་སྐུལ་འདེད་ལ་ཤུགས་སྣོན་དགོས། གཉིས་ནི་ལས་གཞིའི་དུས་སྐབས་སྔོན་མའི་བྱ་བ་ཇེ་མགྱོགས་སུ་བཏང་སྟེ། གཅིག་གྱུར་གྱིས་ས་ཁོངས་བསྡུ་ལེན་དང་ཆ་སྡེབ་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས་ལས་གཞིའི་འཛུགས་སྐྲུན་ཆ་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ལས་གཞི་ཚང་མ་མགྱོགས་མྱུར་ངང་ལས་འགོ་བརྩམས་ནས་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱེད་དགོས། གསུམ་ནི་གཅིག་གྱིས་གྱིས་རིགས་སོ་སོའི་མ་དངུལ་བེད་སྤྱོད་གང་ལེགས་བྱས་ཏེ་མ་དངུལ་བསྡུ་གཡོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྤྱི་ཚོགས་དང་དམངས་ཁྲོད་མ་དངུལ་སྐོང་འགུག་བྱས་ཏེ་མཛེས་སྡུག་གྲོང་རྡལ་འཛུགས་སྐྲུན་ནང་ཞུགས་པར་སྐུལ་སློང་དང་ཚུར་འགུག་བྱེད་དགོས། བཞི་ནི་མཛེས་སྡུག་གྲོང་རྡལ་གྱི་རྣམ་པ་དང་འཆར་འགོད་སྤུས་ཚད་ལ་ནན་ཏན་སྒོས་ཞིབ་བཤེར་བྱས་ཏེ། ས་གནས་དང་མི་རིགས། མཐོ་སྒང་། ཁྱད་ཆོས་བཅས་ཀྱི་ཚད་གཞི་འབུར་ཏུ་བཏོད་ནས་རིམ་པ་དམའ་བ་དང་སྤུས་ཚད་དམའ་བའི་འཛུགས་སྐྲུན་གཏན་འགོག་བྱེད་དགོས། ལྔ་ནི་གཅིག་གྱུར་གྱིས་སང་ལོའི་བྱ་བ་སྣ་ཚོགས་ཇུས་འགོད་བྱས་ཏེ་སང་ལོའི་མཛེས་སྡུག་གྲོང་རྡལ་འཛུགས་སྐྲུན་ལག་བསྟར་ལེགས་པོ་བྱེད་པར་རྨང་གཞི་འདིང་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག