མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐུ་འབུམ་དགོན་པའི་བོད་སྨན་ཁང་གི་སྨན་བཅོས་རུ་ཁག་གཅིག་སྒྲིལ་རྫོང་དུ་ཕྱིན་ནས་ནད་བརྟག་སྨན་སྦྱིན་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-11 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཟླ་མགོར། སྐུ་འབུམ་དགོན་པའི་བོད་སྨན་ཁང་གི་སྨན་བཅོས་རུ་ཁག་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་དང་དཔལ་ཡུལ་ཤང་། སོག་རུ་མ་ཤང་དང་གཅིག་སྒྲིལ་རྫོང་ཁོངས་ཀྱི་སྟག་ལུང་དགོན་པ་དང་ཉིན་ཡུས་དགོན་པ་སོགས་སུ་སོང་ཏེ་འབྲོག་པ་མང་ཚོགས་ལ་ནད་བརྟག་དང་སྨན་སྦྱིན་བྱ་འགུལ་སྤེལ།

ནད་བརྟག་སྨན་སྦྱིན་བྱ་འགུལ་ཁྲོད། སྨན་བཅོས་མི་སྣས་ལམ་ཐག་རིང་བ་དང་ཟ་མ་ཟ་ཁོམ་དང་ངལ་གསོ་ཡུན་མེད་པར་མ་འཛེམ་པར་ནད་པར་བརྟག་བཅོས་བྱས་ཏེ། ཧུར་བརྩོན་གྱིས་ནད་པ་སོ་སོར་བརྟག་བཅོས་ལེགས་པོ་བྱས། རགས་རྩིས་བྱས་པར་གཞིགས་ན། དུས་ཡུན་ཉིན4རིང་གི་བརྟག་བཅོས་ཁྲོད། བསྡོམས་པས་ནད་པ་མི་ཐེངས1300ལ་ནད་བརྟག་བྱས་པ་དང་སྨན་རིགས70བྱིན་ལ། མི་རེར་ཆ་སྙོམས་ཀྱིས་རིན་གོང་སྒོར135ཡི་སྨན་རྫས་བྱིན་ཏེ་བསྡོམས་པས་རིན་གོང་སྒོར་ཁྲི17ལ་སླེབས་པ་དང་། མང་ཚོགས2000ལྷག་ལ་ཕན་ཁེ་ཐོབ་ཡོད། དེར་མ་ཟད། སྐུ་འབུམ་དགོན་པའི་བོད་སྨན་ཁང་གིས་གཅིག་སྒྲིལ་རྫོང་ལ་རིན་གོང་སྒོར་ཁྲི6.5ཡི་སློབ་སྦྱོང་མཁོ་ཆས་བྱིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག