མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཐོག་མར་བོད་ཇ་འདེབས་འཛུགས་བྱས་ཤིང་མུའུ5000ལ་བོད་ཇ་འཛུགས་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-11 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ལ་ཇ་ཐོན་སྐྱེད་མེད་པའི་ལོ་རྒྱུས་ད་ལྟ་དངོས་སུ་བསྒྱུར་བཅོས་བྱས་ཡོད། ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ནགས་ལས་སྡེ་ཁག་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་སྡི་མདའ་ཤང་ནས་མུའུ5000ལ་བོད་ཇ་འདེབས་འཛུགས་བྱེད་བཞིན་ཡོད།

པད་མ་རྫོང་གི་དམིགས་བསལ་གྱི་ས་ཁམས་གནས་བབ་ཀྱིས་པད་མའི་བོད་ཇ་ཐོན་སྐྱེད་བྱས་ཡོད་ལ། དེར་ལུས་ཁམས་བདེ་སྲུང་གི་བྱེད་ནུས་ལེགས་པོ་ལྡན། ད་ལོར་ཞིང་ཆེན་ནགས་ལས་ཐིན་གྱིས་ལེགས་ཆའི་ཐོན་ལས་དང་ལེགས་ཆའི་ཐོན་ཁུངས། ལེགས་ཆའི་གནས་བབ། དམིགས་བསལ་གྱིས་འཕེལ་རྒྱས་སུ་གཏོང་བའི་རྩ་དོན་ལ་གཞིགས་ཏེ། ཤུགས་ཆེན་པོས་བོད་ཇ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐབས་ཇུས་གཏན་འཁེལ་བྱས་ཤིང་། བོད་ཇ་འཕེལ་རྒྱས་སུ་གཏོང་བ་བརྒྱུད་ཞིང་སྡེའི་ཐོན་ལས་སྒྲིག་གཞི་ལེགས་བཅོས་དང་རོང་འབྲོག་པའི་ཡོང་སྒོ་ཇེ་མང་ལ་གཏོང་བ་དང་། མཚོ་སྔོན་ལ་ཇ་ཐོན་སྐྱེད་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད།

མཚམས་སྦྱོར་བྱས་པ་ལྟར་ན། ཞིང་ཆེན་ནགས་ལས་ཐིན་དང་པད་མ་རྫོང་སྲིད་གཞུང་གིས་བོད་ཇ་འདེབས་འཛུགས་འགོ་ཁྲིད་ཚན་ཆུང་དང་ལག་རྩལ་མཛུབ་སྟོན་རུ་ཁག་བཙུགས་ཏེ། ཆེད་ལས་ནགས་འཛུགས་རུ་ཁག་རྩ་འཛུགས་བྱས་ནས་ས་ཁུལ་སོ་སོ་ནས་དུས་མཉམ་དུ་བྱ་བ་བསྒྲུབས་པ་མ་ཟད། ཆེད་ལས་ལག་རྩལ་མི་སྣ་སྐོང་འཐེན་བྱས་ཏེ་ཡུལ་དངོས་ནས་མཛུབ་སྟོན་བྱས། མིག་སྔར། བཟོ་འགོད་འཛུགས་སྐྲུན་བདེ་བླག་ངང་སྤེལ་བཞིན་ཡོད་པ་དང་། ས་མུའུ3000ཙམ་ལ་བོད་ཇ་འདེབས་འཛུགས་བྱེད་པའི་ལས་འགན་ལེགས་འགྲུབ་བྱས་ཡོད་ལ། དུས་མཉམ་དུ་ཆུ་འདྲེན་པ་དང་ར་བསྐོར་ཏེ་ས་མུའུ5000ལ་བོད་ཇ་འདེབས་འཛུགས་བྱེད་པ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྨང་གཞི་བརྟན་པོ་བཏིངས། མཚོ་སྔོན་བོད་ཇའི་ཆས་རྟགས་གསར་འཛུགས་བྱེད་པ་དང་། བོད་ཇའི་ཐོན་རྫས་ཀྱི་ཚོང་རའི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་གཏོང་ཆེད། ཞིང་ཆེན་ནགས་ལས་ཐིན་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་པད་མ་རྫོང་གི་བོད་ཇའི་ཐོན་རྫས་ཀྱི་མིང་དང་ཚོང་རྟགས། བརྡ་ཁྱབ་བཅས་སྐོང་འགུག་བྱེད་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག