མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཆི་ལེན་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ཧུར་ཐག་གིས་ལག་བསྟར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-10 11:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ཧུར་ཐག་གིས་ལག་བསྟར་བྱས།

ཆི་ལེན་རྫོང་གིས་ལོ་གཅིག་གི་རིང་དུ་ཞིང་ས་མུའུ་ཁྲི་གཅིག་ལྷག་ལ་རྨོ་བསྐྱུར་ནགས་འཛུགས་བྱེད་པ་དང་། ལོ་གསུམ་གྱི་རིང་དུ་གསོམ་ཤིང་དང་རྒྱ་ཤུག་སོགས་ཀྱི་སྡོང་ཕྲུག་ས་ཡ་ལྔ་ལྷག་འཛུགས་པ་སོགས་ཀྱི་ལས་གཞི་ལག་བསྟར་བྱས།

ཆི་ལེན་རྫོང་གི་ཨ་མྱེས་སྟོང་སོ་རི་བོའི་མཐའ་འཁོར་དུ་སྔོན་ཆད་འགྲིམ་འགྲུལ་སྟབས་མི་བདེ་བས་དུས་ཡུན་རིང་བོར་ས་ལྷག་དུ་བསྐྱུར་ཡོད་ལ། ཉིས་སྟོང་བཅུ་བཞི་ལོར་ཆི་ལེན་རྫོང་ནགས་ལས་ཅུའུ་ཡིས་ས་གནས་འདིའི་ཞིང་བ་བུད་མེད་གླས་ནས་སྡོང་འཛུགས་ནགས་བསྐྲུན་གྱི་བྱ་བ་སྒྲུབ་ཏུ་བཅུག་ལ། ས་གནས་དེ་གའི་སྡེ་མི་རྣམས་ལ་ཞིང་ས་མུའུ་གཅིག་ལ་ལོ་གཅིག་རེར་སྒོར་བརྒྱ་དང་དྲུག་ཅུའི་ཁ་གསབ་རོགས་དངུལ་སྟེར་བཞིན་ཡོད།

རྨོ་བསྐྱུར་ནགས་སྐྱོང་བྱེད་པ་དང་མཉམ་དུ་ཆུ་བོ་གཙང་བཅོས་དང་སྲུང་སྐྱོབ་བྱེད་རྒྱུ་ཡང་བྱ་བ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་འདི་འགར་དཀའ་སྤྱད་འབད་འབུངས་བྱས་པ་བརྒྱུད། ཆི་ལེན་རྫོང་གིས་རྩྭ་ས་མུའུ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་ལྔ་ལྷག་ལ་ར་བསྐོར་ནས་སྲུང་སྐྱོབ་བྱས་པ་དང་། རྩྭ་ས་མུའུ་འབུམ་གསུམ་ཁྲི་དྲུག་ལ་རྩྭ་བཏབ་པ་མ་ཟད། མུའུ་ཁྲི་བདུན་གྱི་སར་སྡོང་བོ་བཙུགས་པ་དང་། མུའུ་འབུམ་གསུམ་ཁྲི་གཉིས་ཀྱི་སར་རི་བཀག་ནགས་གསོ་བྱས ནགས་ཚལ་དང་རྩྭ་སར་སྲུང་སྐྱོབ་བྱས་པ་བརྒྱུད་ཆུ་ནག་ཆུ་བོའི་ཆུ་མགོར་ཡང་གཙང་བཅོས་དང་སྲུང་སྐྱོབ་ལེགས་པོ་ཐོབ་ཡོད།

ཉེ་ལམ་ཆུ་ནག་ཆུ་བོའི་མགོ་ཁུངས་ཀྱི་སྐབས་གཉིས་པའི་གཙང་བཅོས་སྲུང་སྐྱོབ་ལས་གཞི་ཕྱོགས་ཡོངས་ནས་ལས་མགོ་བརྩམས་ཡོད་ལ། དེར་གྲོན་དངུལ་སྒོར་དུང་ཕྱུར་གསུམ་གཏོང་རྒྱུ་རེད། འདིས་ཆུ་བོའི་སྨད་རྒྱུད་ཀྱི་མི་ས་ཡ་གཅིག་དང་འབུམ་གསུམ་ལྷག་དང་ཞིང་ས་མུའུ་ས་ཡ་བཞི་ལྷག་ལ་ཕན་འདོགས་ཐུབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག