མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཁྲོམ་རའི་དངོས་གོང་སྙོམས་སྒྲིག་ཚོད་འཛིན་གྱི་མཉམ་འབྲེལ་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-10 11:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་དངོས་གོང་སྙོམས་སྒྲིག་ཚོད་འཛིན་གྱི་ཉིས་སྟོང་བཅུ་བཞི་ལོའི་མཉམ་འབྲེལ་གྲོས་ཚོགས་ཐེངས་གཉིས་པ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་མ་ཧྲོན་ཆིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ད་ལོའི་ལོ་སྟོད་དུ། ས་གནས་དང་འབྲེལ་ཡོད་ལས་ཁུངས་ཁག་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དངོས་གོང་ལ་བརྟན་འཇགས་སྒོས་ཚོད་འཛིན་བྱེད་པའི་སྤྱིའི་བླང་བྱ་ལྟར། སེམས་ཤུག་གཅིག་སྒྲིལ་བྱེད་པ་དང་། ཕྱོགས་བསྡུས་ཀྱི་བྱེད་ཐབས་སྤྱོད་པ། སྣ་མང་པོ་མཉམ་དུ་འཛིན་པ་བཅས་བྱས་ཏེ། དངོས་གོང་སྙོམས་སྒྲིག་ཚོད་འཛིན་བྱ་བའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད་པས། མཚོ་སྔོན་ཞིང་ཆེན་གྱི་སྡོད་དམངས་ཀྱི་འཛད་སྤྱོད་དངོས་གོང་བརྒྱ་ཆའི་གཉིས་དང་གྲངས་ཆུང་གསུམ་གྱིས་འཕར་ལ། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་གཉིས་དང་གྲངས་ཆུང་དྲུག་མར་འགྲིབ་པས། ལོ་ཧྲིལ་པོའི་དངོས་གོང་བརྟན་འཇགས་ཀྱི་དམིགས་འབེན་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ས་གནས་དང་འབྲེལ་ཡོད་ལས་ཁུངས་ཁག་གིས་ནན་ཏན་སྒོས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གགཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། དངོས་གོང་བརྟན་འཇགས་བྱ་བ་དང“གཞི་གསུམ”འཛུགས་སྐྲུན་གྱི་ལས་སྒོ་གཉིས་དམ་པོར་སྦྲེལ་བ། རྨང་གཞི་སྲ་བརྟན་དང་གྲུབ་འབྲས་མངོན་གསལ་ལེན་པར་འབད་དེ། ལོ་སྨད་ཀྱི་བྱ་བ་བདེ་ལེགས་ངང་འགྲུབ་པར་གྲ་སྒྲིག་བྱེད་དགོས། སྲིད་གཞུང་གི་རོགས་སྐྱོར་བཟའ་འབྲུ་དང་བཟའ་སྣུམ་དུས་ལྟར་མང་ཚོགས་ལ་སྟེར་བ་དང་། རོགས་སྐྱོར་སྲིད་ཇུས་འཐུས་ཤོར་མེད་པའི་ངང་ལག་ལེན་དོན་འཁྱོལ་བྱེད་པ། སྡེབ་ཚོང་ཁྲོམ་ར་ཆུང་འབྲིང་དང་། ཞིང་སྡེའི་ཚོང་ར། གཞུང་བཅད་ཚོང་ཁང་བཅས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་འབད་དེ། དངོས་གོང་བརྟན་འཇགས་ཀྱི་ཁྲོམ་རའི་ནུས་པ་འདོན་སྤེལ་གང་ལེགས་སྒོས། དགུན་ཁར་མཁོ་བའི་ཤ་རིགས་དང་སྔོ་ཚོད་ཀྱི་རིགས་གང་རུང་དབོར་འདྲེན་བྱེད་པའི་བྱ་བ་འཐུས་ཤོར་མེད་པའི་ངང་བསྒྲུབ་ནས། འཛད་སྤྱོད་པའི་སེམས་ཁམས་དང་མཐུན་པའི་ཁྲོམ་རའི་དངོས་གོང་གི་མ་ལག་ཅིག་གྲུབ་པར་འབད་དགོས། ཁྲིམས་དང་འགལ་ནས་དངོས་གོང་གཏོད་མཁན་ལ་ཁྲིམས་ཆད་ནན་མོ་བཅད་དེ། ཁྲོམ་རའི་དངོས་གོང་གི་ཆོས་ཉིད་ལ་སྲུང་སྐྱོབ་བྱེད་དགོས་ལ། མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་རོགས་སྐྱོར་སྲིད་ཇུས་མང་པོ་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ནས། གཞི་རིམ་མང་ཚོགས་ཀྱི་མ་མཐའི་འཚོ་བའི་དཀའ་ངལ་གཙང་སེལ་དང་དེར་འགན་སྲུང་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག